ནང་སོག་གིས་ཐབས་མང་མཉམ་སྤྱོད་བྱས་ནས་དཔྱིད་ཀྱི་དུས་བྱ་སྲུང་སྐྱོང་བྱེད་པའི་ལས་དོན་སྤེལ།

ཡེ་ཤེས་ཀྱིས་བསྒྱུར།        2020-03-26

     ཞིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་སྤྱི་ཟླ3པའི་ཚེས19ཉིན་འབྱོར་བའི་གཏམ་གསར། དུས་བྱ་འཚོ་སྡོད་བྱ་ཡུལ་དུ་སྐོར་ཞིབ་བྱེད་པ་དང་། བྱ་འཛིན་དྲ་བ་མེད་པ་བཟོ་བ། དྲིལ་བསྒྲགས་ཡིག་རིགས་བཀྲམ་པ་སོགས་ཀྱི་ལས་དོན་བསྒྲུབས་ཤིང་། ཉིན་ལྟར་ཞོགས་པའི་ཆུ་ཚོད་ལྔ་དྲུག་ཙམ་ལ་དབྱང་ཝུན་གོ་ཡིས་ལས་རོགས་གཉིས་དང་མཉམ་དུ་དཔྱིད་ཀྱི་གྲང་ངར་ལ་མ་འཛེམས་པར་ལས་སྒྲུབ་རླངས་འཁོར་བཏང་ནས་མངགས་གཏོང་ཁང་ནས་ཐོན་ཏེ་ཉིན་གཅིག་གི་ལས་དོན་སྤེལ་འགོ་ཚུགས་པ་རེད།

    ཁོ་ཚོ་ནི་ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཀུའོ་ལེ་མོང་ཏུའོ་ལུན་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཧྲང་ཏུའུ་ཧོ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཡིན་ལ། དུས་བྱ་སྐོར་སྲུང་སྲུང་སྐྱོང་བྱེད་མཁན་ཚོ་ཆུང་གི་ཁོངས་མི་ཡང་ཡིན་པ་རེད།

     གནམ་གཤིས་རིམ་བཞིན་དྲོད་པོ་ཆགས་པ་དང་བསྟུན་ནས་ནང་སོག་ཏུ་གནས་སྤོ་བྱས་པའི་དུས་བྱ་གཞི་ཁྱོན་ཆེ་བ་དང་ཁྱུ་ཚོགས་ཀྱི་འགུལ་སྐྱོད་བྱེད་པའི་དུས་ཚིགས་སུ་སླེབས་པ་རེད། འདི་ནི་དུས་བྱ་སྲུང་སྐྱོང་བྱེད་པའི་ལས་དོན་གྱི་འགག་རྩའི་དུས་ཚིགས་ཀྱང་ཡིན་པར་བརྟེན། མིག་སྔར་ལྗོངས་ཡོངས་སུ་ད་ལོའི་དཔྱིད་དུས་ཀྱི་དུས་བྱ་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་རྟག་པར་ནང་སོག་ཏུ་མཚམས་སྡོད་བྱས་ནས་རྒྱུད་སྤེལ་བྱེད་མཁན་གྱི་དུས་བྱ་རིགས300ཙམ་ཡོད་པས་ཁྱུ་ཚོགས་ཀྱི་གྲངས་འབོར་ཧ་ཅང་ཆེན་པོ་ཡིན་པ་རེད། དུས་རྒྱུན་མིའི་ཐབས་ལ་བརྟེན་ནས་སྐོར་སྲུང་བྱེད་པ་ཕུད། ཉེ་བའི་ལོ་ཤས་རིང་ནང་སོག་གི་ས་ཆ་མང་པོས་མཁའ་ནས་བརྙན་ཕབ་བྱེད་སའི་འཕྲུལ་ཆས་སྤྱད་དེ་སྐོར་ཞིབ་བྱས་མཐར། ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་གྲུབ་འབྲས་ཁག་གཅིག་ཀྱང་དུས་བྱ་སོགས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་ལས་དོན་ནང་བཀོལ་སྤྱོད་ཡོད་པ་རེད།

    མིག་སྔར་ས་གནས་ཁག་གི་ནགས་ཚལ་སྤྱི་བདེ་ལས་ཁུངས་ཀྱིས་ལག་ཐོགས་ཁ་པར་གྱི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བྱས་པར་བརྟེན་ནས་དུད་ཚང་ལ་འཚམས་འདྲི་བསྐྱོད་པ་སོགས་ཀྱི་ཐོག་ནས་དུས་བྱ་སོགས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་དྲིལ་བསྒྲགས་ལས་དོན་སྤེལ་བཞིན་ཡོད་པར་བརྟེན།རྒྱ་ཆེའི་མང་ཚོགས་ཀྱིས་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་དང་འབྲེལ་བ་བྱས་དང་བྱེད་བཞིན་ཡོད་པ་རེད།།

 


  • ལེ་ཚན་སྔོན་མ།:རི་སྐྱེས་སྲོག་ཆགས་གང་བྱུང་བསད་ན་མཇུག་འབྲས་འདི་རེད། ཚང་མས་ལྟོས།
  • ལེ་ཚན་རྗེས་མ།:མི་སྤྱི་པུའུ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མར་རོགས་སྐྱོར་ལས་དོན་བསྒྲུབ་དགོས་པའི་བླང་བྱ་བཏོན།
  • དོ་སྣང་ཆེ་བའི་རྩོམ།