དར་མདོ་ས་ཁུལ་དུ་ཁ་བ་ཆེན་པོ་བབས་ནས་རྒྱུ་ལའི་བགྲོད་ལམ་འགག

ཐུབ་བསྟན་དང་མཁས་གྲུབ་ཀྱིས།        2017-04-27


དར་མདོ་ས་ཁུལ་དུ་ཁ་བ་ཆེན་པོ་བབས་ནས་རྒྱུ་ལའི་བགྲོད་ལམ་འགག
དར་མདོ་ས་ཁུལ་དུ་ཁ་བ་ཆེན་པོ་བབས་ནས་རྒྱུ་ལའི་བགྲོད་ལམ་འགག


      ཚེས24ཉིན་ནས་བཟུང་དར་མདོ་ས་ཁུལ་དུ་ཉིན་ཤས་རིང་ལ་ཁ་བ་ཆེན་པོ་བབས་ནས་རྒྱལ་སྲུང་གཞུང་ལམ318པའི་རྒྱུ་ལའི་ལམ་རྒྱུད་དུ་གངས་འཁྱགས་མཐུག་པོ་ཆགས་ཤིང་རླངས་འཁོར་འགག་པ་དང་འགྲིམ་འགྲུལ་དོན་རྐྱེན་བྱུང་བས་རླངས་འཁོར་དང་འགྲུལ་པ་འབོར་ཆེན་དེར་ལུས་པ་རེད།

      དར་མདོ་གྲོང་ཁྱེར་གྱིས་དེ་མ་ཐག་གཞུང་ལམ་བདེ་འཇགས་བབ་བསྟུན་སྔོན་བཀོད་འཆར་གཞི་སྤེལ་འགོ་བཙུགས་ཏེ་ས་ཚུགས་མང་པོར་ལམ་བསལ་བ་དང་ཕྱོགས་མང་པོས་མཉམ་དུ་རོགས་སྐྱོར་བྱེད་པ། ཕྱོགས་གཅིག་ནས་མ་གཏོགས་འགྲོ་མི་ཆོག་པའི་བྱེད་ཐབས་བཅས་ལ་བརྟེན་ནས་གཞུང་ལམ་བསལ་པ་རེད། དར་མདོ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཐག་རིང་སར་ཁག་དབྱེ་བ་དང་ཐག་ཉེ་སར་ཚོད་འཛིན་བྱེད་པ། ཡུལ་དངོས་སུ་འགག་བསལ་བྱེད་པའི་རྩ་དོན་ལྟར་ལྕེ་ཐོག་གྲོང་སྡེ་དང་། ར་རྔ་ཁའི་མཐོང་གྲོལ་མཆོད་རྟེན་དུ་འགག་སྒོ་བཙུགས་པ་དང་། གྲོང་ཁུལ་གྱི་མགྲོན་བསུ་ལམ་ཆེན་དུ་གནས་སྐབས་འགྲིམ་འགྲུལ་ཚོད་འཛིན་བྱས་པ་དང་ཆབས་ཅིག  ཉེན་རྟོག་པ་མང་པོ་རྒྱུ་ལར་མངགས་ནས་དུས་ཚོད་དང་པོར་འགྲིམ་འགྲུལ་དོན་རྐྱེན་བུད་སར་ཕྱིན་ནས་མཐུན་སྦྱོར་ཐག་གཅོད་བྱས་ཏེ་དོན་རྐྱེན་བུད་པའི་རླངས་འཁོར་ཡུལ་དངོས་ནས་མྱུར་བྱོལ་བྱས་པ་རེད།

     མིག་སྔའི་བར། དར་མདོ་གྲོང་ཁྱེར་བབ་བསྟུན་གཞུང་ལས་ཁང་དང་འགྲིམ་འགྲུལ་ཅུས། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས་བཅས་ཀྱིས་མཉམ་འབྲེལ་ལས་ཀའི་ཚོ་ཆུང་བཙུགས་ནས་ཡུལ་དངོས་སུ་ཕྱིན་ཏེ་དེར་ལུས་པའི་འགྲུལ་པ་རྣམས་ལ་བཟའ་བཏུང་དང་སྨན་རྫས་སོགས་བྱིན་པ་རེད།


དར་མདོ་ས་ཁུལ་དུ་ཁ་བ་ཆེན་པོ་བབས་ནས་རྒྱུ་ལའི་བགྲོད་ལམ་འགག
དར་མདོ་ས་ཁུལ་དུ་ཁ་བ་ཆེན་པོ་བབས་ནས་རྒྱུ་ལའི་བགྲོད་ལམ་འགག
དར་མདོ་ས་ཁུལ་དུ་ཁ་བ་ཆེན་པོ་བབས་ནས་རྒྱུ་ལའི་བགྲོད་ལམ་འགག


      ཤེས་རྟོགས་བྱུང་བར་གཞིགས་ན། རྒྱུ་ལའི་ལམ་རྒྱུད་དུ་ལུས་པའི་འགྲུལ་པའི་ནང་དུ་ལ་ལ་ནི་དར་མདོ་དང་ཁྲེང་ཏུའུ་རུ་ནད་ལྟ་བར་ཡོང་མཁན་དང་ལ་ལ་ནི་གཞུང་དོན་དུ་ཚོགས་འདུ་ལ་ཡོང་མཁན། དེ་བཞིན་རྫོང་ཁག་སོ་སོའི་ལས་གཞིའི་འཛུགས་སྐྲུན་རྒྱུ་ཆ་སྐྱེལ་འདྲེན་བྱེད་མཁན་དང་འཁོར་གཏོང་ཡུལ་སྐོར་བ་སོགས་གཙོར་བྱས་པའི་ལམ་འགྲུལ་པ་མང་པོ་ཞིག་གི་འགྲུལ་བཞུད་ལ་འགོག་རྐྱེན་ཐེབས་ཏེ་ཉིན་གཉིས་རིང་ལ་རྒྱུ་ལའི་ལམ་རྒྱུད་དུ་ལུས་པ་རེད།

      དེ་ལྟར་དུས་ཡུན་རིང་པོ་ཞིག་ལ་རྒྱུ་ལའི་ལམ་རྒྱུད་ཀྱི་འགྲོ་འོང་ཐད་འགོག་རྐྱེན་ཚབས་ཆེན་ཐེབས་དང་ཐེབས་བཞིན་པས་རང་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཕྱོགས་གང་ཐད་ནས་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད། དགའ་འོས་པ་ཞིག་ལ་ད་ལོའི་ཟླ་དང་པོར་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱིས་རྒྱལ་སྲུང་གཞུང་ལམ318ལམ་ཐིག་གི་དར་མདོའི་རྒྱུ་ལའི་ཕུག་ལམ་གྱི་ལས་གྲྭའི་ལག་བསྟར་བྱེད་འཐུས་ཀྱི་སྙན་ཞུར་ཆོག་མཆན་གནང་བ་དང་། ད་ལོ་ནས་ལས་གཞི་འགོ་ཚུགས་རྒྱུ་ཡིན་ཞིང་། ལས་གཞིར་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར14.79ཡིན་པ་རེད། དེས་མ་ཚད་དར་མདོ་ནས་ར་རྔ་ཁའི་བར་གྱི་མྱུར་བགྲོད་གཞུང་ལམ་ཡང་གང་མགྱོགས་ཀྱིས་བསྐྲུན་རྒྱུ་རེད།


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་ཞིང་འབྲོག་ཅུས་ཀྱིས་མང་ཚོགས་ལ་ཞིང་སྤྱོད་དངོས་རྫས་སྦྱིན་ནས་དཔྱིད་རྨོད་ཐོན་སྐྱེད་ལ་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:འཆི་མེད་རྡོ་རྗེ2016ལོའི་ལོ་འཁོར་ཕུལ་བྱུང་འགྲིམ་འགྲུལ་མི་སྣ་བཅུ་ཡི་གྲས་སུ་བདམས་པ།
  • དོ་སྣང་ཆེ་བའི་རྩོམ།