མར་མེ་དང་འདྲ་བའི་ཚེ་སྲོག

ལན་བུའི་སྲས་མོ།        2020-03-13

ཚེ་སྲོག་ནི་མར་མེ་བཞིན།

རླུང་གི་འགལ་རྐྱེན་མེད་ན།

མར་མེ་ཡི་ཚེ་སྲོག་རིང་དུ་བསྲིང་ཆོག

འོད་ཀྱི་རང་མདངས་ཕྱོགས་བཞིར་འཕྲོ་ཆོག


འོན་ཀྱང་།

དུས་ཀྱི་རླུང་འཚུབ་དྲག་ཆེ་བའི་དུས་འདི་ལ།

མར་མེ་དང་འདྲ་བའི་ཚེ་སྲོག་དེ།

ཅི་འདྲའི་ཉམ་ཆུང་ཞིང་ཉག་ཕྲ་བ་ཞིག

ཅི་འདྲའི་ནུས་མེད་དང་ཁེར་རྐྱང་ཞིག


ཚེ་སྲོག་ལ་འགལ་རྐྱེན་མེད་ན།

ཚེ་སྲོག་གི་རིན་ཐང་དེ་སུས་ཀྱང་གཞལ་ཐབས་བྲལ་ཞིང་།

ཚེ་སྲོག་ལ་འགལ་རྐྱེན་མེད་ན།

ང་ཚོས་ཚེ་སྲོག་གིས་བསྐྲུན་པའི་ཁྱད་མཚར་གྱི་བྱ་བ་མང་པོ་

ཞིག་ལྟ་ཆོག


དེ་བས།

ཚེ་སྲོག་ལ་འགལ་རྐྱེན་མི་ཡོང་ཕྱིར།

མུ་མཐུད་དེ་ནད་ཡམས་སྔོན་འགོག་ཏུ་འབད་པར་བྱ།

  • ལེ་ཚན་སྔོན་མ།:འགོག་རྒོལ་བྱོས།
  • ལེ་ཚན་རྗེས་མ།:རིམས་འགོག་པའི་སྙིང་སྟོབས།