རྟའུ། སེམས་པ་ཁྱོད་ཀྱི་ཕྱོགས་སུ་ཡོད།

དུ་སྤྲིན།        2020-03-06

རྟའུ་ནི་མཚོ་མོ་ཞིག་ཡིན་པར་འབྲི་བཞིན་ཡོད།

དེ་ནི་རྙོག་པ་མེད་པའི་མཚོ་མོ་ཞིག་ཡིན་པར་སྨོན་ཡོད།

མཚོ་ནང་དུ་བྱ་ཁྱུ་སྔ་བཞིན་འཁོར་བར་སྨོན་ཡོད།

བྱ་ཁྱུ་དག་གི་གཤོག་རྩལ་ལ་ཉམས་གུད་མེད་པར་སྨོན་ཡོད།


རྟའུ་ནི་རྟའི་ཕྲུ་གུ་ཞིག་ཡིན་པ་སེམས་ན།

རྟའུ་ནི་ལོ་གསུམ་ལས་མིན་པའི་ཐོ་རུ་ཞིག་ཡིན་པ་དྲན་ན།

དེ་ནི་མིན་ཏེ། རྟའུ་ནི་ས་མིང་ཞིག་ཡིན།

ད་ལྟ་ཁྱོད་ཀྱི་ས་མིང་ནས་བོས་ཏེ་ཉན་ཉན་རྗེས།

ཁྱོད་རང་ངུ་བཞིན་ཡོད་པ་ཐོས།

སྐད་ཤུགས་ཆེན་པོའི་ངང་ངུ་བཞིན་ཡོད་པ་ཐོས།

ཁྱོད་ངུ་དོན། ཁྱོད་ཀྱི་སྙིང་ཉེ་བའི་ནང་མི་དག་ལ།

ན་ཚ་ཆེན་པོ་ཞིག་ཕོག་པས་ཡིན།


རྟའུ་ནི་ཆོལ་ཁ་གཅིག་གི་ཡིན་པ་དྲན་ན།

རྟའུ་ནི་རྫོང་ཁག་གཅིག་གི་ཡིན་པ་བསམས་ན།

དེ་ནི་མ་ཡིན་ཏེ།

རྟའུ་དང་འབྲེལ་བ་མེད་པའི་ཆོལ་ཁ་གཞན་གྱི་ཡིན་ཆོག

རྟའུ་ལ་ཆ་རྒྱུས་མེད་པའི་རྫོང་ཁག་གཞན་གྱི་ཡིན་ཆོག

མི་མང་པོས་མིག་ཟུང་རུབ་རུབ་ཀྱིས། སེམས་པ་འཚབ་འཚུབ་ཀྱིས།

རྟའུ་ལ་ཅེར་དོན་དང་གླེང་དོན་ནི།

ཁྱོད་རང་མི་རེ་རེའི་ཞེ་ལ་ཐོགས་པས་ཡིན།

ཁྱོད་རང་མི་རེ་རེའི་ཡིད་ལ་བརྣགས་པས་ཡིན།

                        


  • ལེ་ཚན་སྔོན་མ།:རྟའུ་རྫོང་གི་སྨན་པ་ལྷ་མོར་ཕུལ་བའི་འཕྲིན།
  • ལེ་ཚན་རྗེས་མ།:དཔྱིད་དུས་ཀྱི་ལབ་རྡོལ།