འཕྲིན་ཡིག་འདི་ཚང་མ་ལ་འཕྲོད་པར་བྱེད་རོགས།

གངས་ཀྱིས་བསྒྱུར།        2020-02-26

 

འཕྲིན་ཡིག་འདི་ཚང་མ་ལ་འཕྲོད་པར་བྱེད་རོགས།

 

སི་ཁྲོན་འགོས་ནད་ཚོད་འཛིན་ལྟེ་གནས་ཀྱིས་བསྐུར་བའི་འཕྲིན་ཡིག


གུས་ཤིང་བརྩེ་བའི་ཡུལ་མི་སྤུན་ཟླ་ཚོ།

                                       སྐུ་ཁམས་བདེ།
   ནད་དུག་གསར་པ་ཡོད་པ་ནས་བཟུང་། ཏང་དང་རྒྱལ་ཁབ་ཀྱིས་ནུས་པ་ལྡན་པའི་སྒོ་ནས་འགོ་ཁྲིད་པ་དང་། ཞིང་ཆེན་ཡོངས་ཀྱིས་འབད་པ་བྱས་པའི་དྲིན་ལས། ཕྱོགས་གང་ཅིའི་ཐད་ལ་གྲུབ་འབྲས་ཡག་པོ་སྨིན་པ་རེད། ཉིན་དེ་དག་གི་རིང་ལ་ཁྱེད་ཚོས་སྨན་པ་ཚོའི་རེ་བ་ལྟར། ཕྱི་ལ་མ་སོང་བ་དང་། འདུ་ཚོགས་སུ་མི་འཛོམས་པ། དུས་རྒྱུན་ཁ་ཤུབས་གྱོན་ཞིང་ལག་པ་བཀྲུས་པ་བཅས་རྒྱུན་འཁྱོངས་ཡག་པོ་བྱས་པས། ཁྱེད་རྣམ་པས་དཀའ་ལས་མྱངས་སོང་ཞེས་ཞུ་རྒྱུ་ཡིན།
   རེད་དེ། ནད་དུག་འགོག་བཅོས་ཀྱི་ལས་ཀ་ད་རུང་ཚར་མེད་ལ། གལ་ཆེན་པོ་ཡིན་པས་མུ་མཐུད་དུ་ཁྱེད་རྣམ་པར་གྲོས་འགོ་བཏོན་པ་ནི་འདི་ལྟར་ཏེ།
༡ སེམས་པ་ལྷོད་གཡེང་མི་བྱེད་པར་མུ་མཐུད་ནས་རང་རང་སོ་སོ་སྲུང་སྐྱོབ་བྱེད་དགོས།
༢ འདུ་ཚོགས་སུ་མི་འཛོམས་པར་རང་གི་ཁྱིམ་ནང་སྡོད་རྒྱུ་གལ་ཆེ།
༣ ལས་ཁུངས་ནང་ལས་ཀར་འགྲོ་དགོས་པ་མིན་ན་ཕྱི་ལ་མི་འགྲོ་རྒྱུ་དང་། ལས་ཀའི་འགོ་ཚུགས་ནའང་། ཁྱིམ་དང་ལས་ཀ་ལས་ས་མ་གཏོགས་དེ་མིན་ས་ལ་མི་འགྲོ་རྒྱུ།
༤ ལས་ཀར་འགྲོ་དུས་རྐང་ཐང་དུའམ། ཡང་ན་ལྕགས་རྟ་བཞོན་པ། དེ་མིན་ན་སྒེར་གྱི་རླངས་འཁོར་གཏོང་ན་ཡག  སྤྱི་སྤྱོད་རླངས་འཁོར་ནང་མི་འདུག་ཁ་མེད་ཡིན་ན། ཡིན་གཅིག་མིན་གཉིས་ཁ་ཤུབས་གྱོན་དགོས།
༥ ལས་ཀ་ལས་སར་མཁའ་རླུང་གཙང་མ་ཡོང་བཅུག་དགོས་པ་དང་། མི་མང་པོ་ཁང་པ་གཅིག་ནང་ཡོད་དུ་ཁ་ཤུབས་གྱོན་དགོས།
༦ མུ་མཐུད་ནས་རང་རང་སོ་སོས་གཙང་སྦྲ་ཡག་པོ་བྱེད་དགོས་པ་དང་། དུས་རྒྱུན་དུ་དུག་སེལ་གཏོང་རྒྱུ་བཅས་རྒྱུན་འཁོངས་བྱེད་དགོས་པས་མ་ཚད་སེམས་པ་འཚབ་མི་ཉན།
༧ རང་ཉིད་ཡོད་སའི་སྡེ་ཁུལ་དང་ལས་ཁུངས་ཀྱིས་བདེ་ཐང་བརྟག་དཔྱད་བྱེད་པ་ལ་རྒྱབ་སྐྱོར་བྱས་ཏེ། ཚ་པ་རྒྱག་པ་དང་གློ་བ་ན་བ་སོགས་ཀྱི་གནས་ཚུལ་བྱུང་ན་མགྱོགས་པར་ཡར་ཞུ་བྱེད་དགོས།


                                                                                           སི་ཁྲོན་ཞིང་ཆེན་འགོས་ནད་ཚོད་འཛིན་ལྟེ་གནས་ནས།
                                                                                                            2020ལོའི་ཟླ2ཚེས24ཉིན།

 


  • ལེ་ཚན་སྔོན་མ།:བྲིས་པ་ལ་ཁྱིམ་ནང་སྡོད་ཡུན་རིང་བའི་སྡུག་བསྔལ་མེད།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་བརྒྱད་ཟིལ་རྫོང་དུ་ཞིབ་དཔྱོད་ལ་ཕེབས་འདུག
  • དོ་སྣང་ཆེ་བའི་རྩོམ།