རང་ཁུལ་གྱི་གྲོང་རྡལ་དང་གྲོང་སྡེའི་ཡུལ་དམངས་ཡོང་འབབ་མགྱོགས་འཕར་ཡོང་བ།

ལྷ་འཛོམས་ཀྱིས་བསྒྱུར།        2017-03-28

2016ལོར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་དམིགས་འབེན་གཅིག་དང་གནད་འགག་གཉིས། དོན་ཆེན་གསུམ། འཐབ་ཇུས་ཆེན་པོ་དྲུག་གི་སྤྱི་ཡོངས་ཀྱི་ལས་ཀའི་གནས་བབ་ཆགས་པ་དང་། ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་བྱས་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་ཤུགས་ཆེན་པོས་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་ཞིང་། ཞིང་འབྲོག་དམངས་ཀྱི་འཕེལ་རྒྱས་གཏིང་ཤུགས་སྲ་བརྟན་དུ་གཏོང་བ། དམངས་ཕན་སྲིད་ཇུས་ཁག་དོན་ཐོག་འཁྱོལ་བ། གྲོང་རྡལ་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཅུང་མགྱོགས་པོར་འཕར་ཞིང་ཡུལ་མིའི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་ཡོང་བ་རེད།

གྲོང་རྡལ་དང་གྲོང་གསེབ་ཀྱི་ཡོང་འབབ་རྒྱུན་སྲིང་ངང་འཕར་སྣོན་ཡོང་བ། 2016ལོར་ཁུལ་ཡོངས་ཀྱི་ཡུལ་མི་ཡོངས་རྫོགས་ཀྱི་ཆ་སྙོམས་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14133.6ཡིན་པ་དང་གོང་ལོའི་དུས་མཉམ་ལས་བརྒྱ་ཆ9.9འཕར་ཡོད། དེའི་ནང་གྲོང་རྡལ་ཡུལ་མིའི་ཆ་སྙོམས་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར27101.0ཡིན་པ་དང་གོང་ལོའི་དུས་མཉམ་ལས་བརྒྱ་ཆ8.5འཕར་ཡོད། ཞིང་སྡེའི་ཡུལ་དམངས་ཀྱི་ཆ་སྙོམས་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར9367.4ཡིན་པ་དང་གོང་ལོའི་དུས་མཉམ་ལས་བརྒྱ་ཆ11.4འཕར་བ་རེད།

འཚོ་བའི་འཛད་སྤྱོད་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་ཡོད། ཡུལ་མི་ཡོང་རྫོགས་ཀྱི་ཆ་སྙོམས་མི་རེའི་འཚོ་བའི་འཛད་སྤྱོད་འགྲོ་གྲོན་སྒོར9966.9ཡིན་པ་དང་གོང་ལོའི་དུས་མཉམ་ལས་བརྒྱ་ཆ10.1འཕར་ཡོད། དེའི་ནང་གྲོང་རྡལ་ཡུལ་མིའི་ཆ་སྙོམས་མི་རེའི་འཚོ་བའི་འཛད་གྲོན་སྒོར18579.9ཡིན་པ་དང་གོང་ལོའི་དུས་མཉམ་ལས་བརྒྱ་ཆ9.1འཕར་ཡོད།  ཞིང་སྡེའི་ཡུལ་དམངས་ཀྱི་ཆ་སྙོམས་མི་རེའི་འཛད་གྲོན་སྒོར6801.2ཡིན་པ་དང་གོང་ལོའི་དུས་མཉམ་ལས་བརྒྱ་ཆ11.2འཕར་བ་རེད།།  


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དང་བཞི་ཡག་གྲོང་གསེབ་གསར་སྐྲུན་བྱ་རྒྱུའི་སྐུལ་འདེད་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་ཁྲིམས་ཁང་གིས་བྱེད་ཐབས་གསར་གཏོད་བྱས་ཏེ་ཞིང་པར་ཡོང་འབབ་འཕར་ཐབས་འཚོལ།
  • དོ་སྣང་ཆེ་བའི་རྩོམ།