རང་ཁུལ་གྱིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དང་བཞི་ཡག་གྲོང་གསེབ་གསར་སྐྲུན་བྱ་རྒྱུའི་སྐུལ་འདེད་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2017-03-28

ཉེ་ཆར། རང་ཁུལ་གྱིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དང་བཞི་ཡག་གྲོང་གསེབ་གསར་སྐྲུན་བྱ་རྒྱུའི་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད།  ཁུལ་ཨུའི་རྒྱུན་ཨུ་དང་ཞིང་བཟོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད། ཁུལ་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་དང་ཁུལ་ཞིང་བཟོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཀྲི་ཀུའེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཞིའུ་ཡིང་ཚོགས་འདུར་ཞུགས་པ་རེད།

ཚོགས་ཐོག་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ན་ནིང་ཁུལ་ཡོངས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་བཞི་ཡག་གྲོང་གསེབ་གསར་སྐྲུན་བྱ་རྒྱུའི་ལས་དོན་གྱི་སྔོན་ཐོན་རྫོང་གྲོང་ཁྱེརལ་བསྟོད་བསྔགས་བྱས་པར་མ་ཟད།  2016ལོ་འཁོར་གྱི་བཞི་ཡག་གྲོང་གསེབ་ཀྱི་མིང་བཏགས་བའི་ཁུལ་རིམ་པའི་བཞི་ཡག་གྲོང་གསེབ་ཀྱི་འཐུས་མིར་གཟེངས་བྱང་སྤྲད་པ་རེད།

ཧྲུའུ་ཏ་ཁྲུན་གྱིས་རྫོང་གྲོང་ཁྱེརདང་སྡེ་ཚན་ཁག་གིས་ཧེ་བག་དང་མི་འདང་སར་འཚོལ་ནས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་གྱུར་དང་ལས་ཀའི་མི་འདང་སར་ཁ་གསབ་བྱས་ཏེ་སེམས་ཤུགས་མཉམ་འདོན་གྱིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དང་བཞི་ཡག་གྲོང་གསེབ་གསར་སྐྲུན་བྱ་རྒྱུའི་བྱེད་སྒོར་སྐུལ་འདེད་གཏང་དགོས་ཞེས་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་བཟའ་བཅའི་སྲོལ་ཡིག་ཆུང་གྲས་གསུམ་དྲིལ་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་གྲོང་རྡལ་དང་གྲོང་སྡེའི་ཡུལ་དམངས་ཡོང་འབབ་མགྱོགས་འཕར་ཡོང་བ།
  • དོ་སྣང་ཆེ་བའི་རྩོམ།