ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་དང་དེང་རབས་ཞིང་ལས་ཐོན་ལས་ར་བ་འཛུགས་སྐྲུན་བྱེད་པའི་བྱ་བའི་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

    ཞིན་ཧྭ་གསར་འགྱུར་དྲ་བ།    2017-03-24

རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་དང་དེང་རབས་ཞིང་ལས་ཐོན་ལས་ར་བ་འཛུགས་སྐྲུན་བྱེད་པའི་བྱ་བའི་གྲོས་ཚོགས་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར་ཧི་པེ་ཞིང་ཆེན་ཧྲི་ཅཱ་ཀྲོང་གྲོང་ཁྱེར་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཛུབ་སྟོན་ལས་བསྟན་དོན། མིག་སྔར། རྒྱལ་ཡོངས་དཔྱིད་དུས་ཀྱི་རྨོ་འདེབས་དང་རྨོ་འདེབས་ལ་གྲ་སྒྲིག་བྱེད་པའི་དུས་སྐབས་སུ་སླེབ་ཡོད་ལ། ལོ་ཧྲིལ་བོའི་ཞིང་ལས་ཐོན་སྐྱེད་ཀྱི་གནད་འགག་དུས་ཚིགས་སུ་ཡང་སླེབ་ཡོད་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་དང་སྲིད་གཞུང་བྱ་བའི་སྙན་ཞུ་ཡི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་བྱེད་པ། ཞིང་དར་ཞིང་ཕན་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཞིང་ལས་གྲུབ་ཚུལ་ལེགས་བསྒྱུར་བྱེད་པར་ཤུགས་སྣོན་པ། དཔྱིད་ཀའི་རྨོ་འདེབས་བྱ་བ་དམ་འཛིན་བྱས་ཏེ། ཞིང་ལས་རྒྱུ་ཆས་མཁོ་འདོན་དང་ཞིང་སའི་ཆུ་བེད་འཛུགས་སྐྲུན། ཆུ་ལོག་འགོག་པ་དང་ཐན་སྐམ་འགོག་པ་སོགས་ཀྱི་ཞིང་ལས་ཐད་ཞབས་འདེགས་ཞུ་བའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་སྒྲིག་གཞི་འཐུས་ཚང་དུ་གཏོང་བའི་ཐད་ཤུགས་འདོན་པ་དང་། རིགས་གསར་བའི་ཞིང་ལས་བདག་གཉེར་གཙོ་བོ་སྐྱེད་སྲིང་བྱེད་པ་དང་། ས་བབ་དང་བསྟུན་ནས་རྣམ་པ་མི་འདྲ་བའི་གཞི་ཁྱོན་འོས་འཚམ་གྱི་ཚོང་གཉེར་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཤུགས་སྣོན་དང་འཚོལ་ཞིབ་བྱེད་པ། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་ཚོང་ལས་འགྲན་རྩོད་ཇེ་དྲག་ཏུ་གཏོང་བའི་ཐད་ནས་གྲུབ་འབྲས་བརྩོན་ལེན་བྱེད་པ། ཞིང་ལས་གཏན་འཇགས་འཕེལ་རྒྱས་སུ་གཏོང་བའི་ནུས་པ་དང་ཞིང་སྡེའི་འཕེལ་རྒྱས་ཆུ་ཚད་སྔར་ལས་མཐོར་འདེགས་བྱེད་པ། ཞིང་བའི་ཡོང་སྒོ་རྒྱུན་མཐུད་དེ་ཇེ་མང་དུ་བཏང་སྟེ། གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

  • ལེ་ཚན་སྔོན་མ།:ད་ལོར་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་མི་སྣ5720ཁྱིམ་སྡོད་ལས་ཞུགས་བྱུང་།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་ཁྲོམ་རའི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།