ལུའོ་ཀྲེན་ཧྭས་སྤུས་ལེགས་སྨན་བཅོས་ཞབས་ཕྱི་བསྒྲུབ་དགོས་གསུངས།

ཡེ་ཤེས་མགོན་པོས་བསྒྱུར།        2020-02-22

 

ལུའོ་ཀྲེན་ཧྭས་སྤུས་ལེགས་སྨན་བཅོས་ཞབས་ཕྱི་བསྒྲུབ་དགོས་གསུངས།

   སྤྱི་ཟླ2པའི་ཚེས18ཉིན་ཧྭ་ཞི་དཀར་མཛེས་སྨན་ཁང་གི་སྨན་བཅོས་མི་སྣ12ལས་གྲུབ་པའི་རྟའུ་རྫོང་ལ་རོགས་སྐྱོར་བྱེད་མཁན་ཚན་པ་བཞི་པའི་སྨན་བཅོས་རུ་ཁུག་བདེ་བླགས་ངང་རྟའུ་རྫོང་དུ་བསླེབས་པ་རེད། ཉིན་དེའི་མཚན་མོར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ཨུའི་རྟའུ་ལ་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ལུའོ་ཀྲེན་ཧྭས་རུ་ཁག་ཁྲིད་ནས་འཚུབ་བསྟུན་གྲ་སྒྲིག་སྨན་ཁང་དུ་ཕེབས་ཏེ་སྨན་བཅོས་རུ་ཁག་ལ་འཚམས་འདྲི་གནང་བ་རེད།

    ལུའོ་ཀྲེན་ཧྭས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་མངགས་བཅོལ་ལྟར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཚང་མར་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེན་གནང་བས་མ་ཚད། བླ་ན་མེད་པའི་གུས་འདུད་ཞུས་པ་དང་ཆབས་ཅིག    ཁོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྟའུ་ཡི་ཡུལ་དངོས་བཀོད་འདོམས་པུའུ་ཡི་ཚབ་མཛད་ནས་ཁོང་གིས་བརྒྱ་ཆ་བརྒྱ་ལྔ་ནན་སྲུང་བྱས་ཏེ་མང་ཚོགས་ལ་སྤུས་ཀ་ཆེས་ཡག་པོའི་སྨན་བཅོས་ཞབས་ཕྱི་བསྒྲུབ་དགོས་ཞེས་ཐུགས་རེ་གནང་བ་རེད།

    གཅིག་ནི་སེམས་ཐག་གཙང་བཅད་ཀྱིས་ནད་ངོས་ཟིན་པའི་ནད་པ་སྲོག་སྐྱོབ་ཞབས་ཕྱི་བརྒྱ་ཆ་བརྒྱ་བསྒྲུབ་ཐུབ་པ་བྱ་དགོས། རྒྱ་བོད་སྨན་ཁང་གིས་ནད་དཔེ་བརྒྱུད་སྐྱེལ་དང་དང་ལེན། མཉམ་བསྡུས་ནད་དཔྱད། སྨན་བཅོས་སོགས་ཀྱི་ཐད་ལ་སེམས་སྒྲིམ་གནད་འཁེལ་ཡོང་བྱ་དགོས། ཁྱད་པར་དུ་སྦྲེལ་མཐུད་མཐུན་སྦྱོར་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་བསྡུ་དགོས་ཚད་ཐམས་ཅད་བསྡུ་རྒྱུའི་འགན་ལེན་བྱས་ཏེ་ནད་པར་མགྱོགས་མྱུར་དུ་སྨན་བཅོས་བྱེད་པར་འགན་སྲུང་བྱ་དགོས། 

ལུའོ་ཀྲེན་ཧྭས་སྤུས་ལེགས་སྨན་བཅོས་ཞབས་ཕྱི་བསྒྲུབ་དགོས་གསུངས།

    གཉིས་ནི་སེམས་ཐག་གཙང་བཅད་ཀྱིས་དོགས་པ་ཡོད་པའི་ནད་པར་ཕྲ་ཕུང་ཉིང་རྡུལ་གྱི་སྐྱུར་རྫས་ལྟ་དཔྱད་ཚད་ལེན་བརྒྱ་ཆ་བརྒྱ་བསྒྲུབ་ཐུབ་པར་བྱ་དགོས། ཕྲ་ཕུང་ཉིང་རྡུལ་སྐྱུར་རྫས་ལྟ་དཔྱད་བྱས་པའི་བརྒྱུད་རིམ་མ་དཔེ་བཟོས་ནས་ཚ་བ་རྒྱས་པའི་ནད་པ་དང་ནད་དུག་རང་བཞིན་གྱི་གློ་ཚད་མཚོན་རྟགས་ཡོད་པའི་ནད་ཐོག་སྨན་བཅོས་བྱེད་པའི་ནད་པ་ཐམས་ཅད་དོགས་པ་ཡོད་པའི་ནད་པར་བརྩིས་ནས་ཕྲ་ཕུང་ཉིང་རྡུལ་སྐྱུར་རྫས་ལྟ་དཔྱད་ཚད་ལེན་བྱེད་ཁོངས་ནང་བཞག་སྟེ་དུས་ཐོག་ཏུ་དཔེ་དབྱིབས་ལྟ་དཔྱད་བྱེད་སར་བསྐྱལ་ནས་དཔེ་དབྱིབས་འཚོལ་བསྡུ་བྱེད་ཚད་ཐམས་ཅད་འཚོལ་བསྡུ་བྱ་དགོས། 

    གསུམ་ནི་སེམས་ཐག་གཙང་བཅད་ཀྱིས་ཚ་བ་རྒྱས་པའི་ནད་པར་ནད་གཞི་ངོས་ཟིན་གྱི་ལྟ་དཔྱད་ཚད་ལེན་བརྒྱ་ཆ་བརྒྱ་ཐུབ་པ་བྱས་ཏེ་ཚ་བ་ལྟ་དཔྱད་བྱེད་སའི་སྒོ་བསྟེན་སྨན་ཁང་དང་རིགས་བགོས་ནད་གཞི་ངོས་ཟིན་གྱི་ལས་དོན་བརྒྱུད་རིམ་ཚད་ལྡན་བྱས་ནས་ཚ་བ་རྒྱས་པའི་ནད་པ་ཐམས་ཅད་ལ་བརྒྱུད་རིམ་ལྟར་དཔེ་དབྱིབས་འཚོལ་བསྡུ་བྱས་མཐར་ལྟ་དཔྱད་བྱེད་སར་བསྐྱལ་བ་དང་། དུས་ཐོག་ཏུ་ལོགས་སུ་བཞག་རྒྱུའི་བྱེད་ཐབས་སྤྱད་དགོས། ཕྲ་ཕུང་ཉིང་རྡུལ་སྐྱུར་རྫས་ཀྱི་ནད་གཞི་ངོས་ཟིན་པ་ཡིན་ཕྱིར། དུས་ཐོག་ཏུ་བསྡུས་ནས་སྨན་བཅོས་བྱ་དགོས། ཕྲ་ཕུང་ཉིང་རྡུལ་སྐྱུར་རྫས་མོ་གཤིས་རང་བཞིན་ཡིན་ཕྱིར། མགྱོགས་མྱུར་དུ་བསྐྱར་དུ་ལྟ་དཔྱད་བྱ་དགོས། འགོས་ནད་ཕོག་མེད་པ་ཡིན་ཕྱིར། བླང་བྱ་ལྟར་རིགས་བགོས་སྨན་བཅོས་བྱ་དགོས། 

    བཞི་ནི་སེམས་ཐག་གཙང་བཅད་ཀྱིས་རང་ངོས་ཀྱི་ཉེན་མེད་འགོག་སྲུང་བརྒྱ་ཆ་བརྒྱ་ཐུབ་པ་བྱ་དགོས། 《འགོས་ནད་སྨན་བཅོས་བཟོ་རིམ》གྱི་བླང་བྱ་ལྟར། ལོགས་སུ་བཞག་ནས་སྨན་བཅོས་བྱེད་པ་དང་སྨན་བཅོས་སྙིགས་རོ་དང་བཙོག་ལྷད་ཐེབས་པའི་དངོས་རྫས་ཟུར་འཇོག་དུག་སེལ་བྱེད་པའི་ལམ་ལུགས་ལག་ལེན་བྱས་ནས་ཚད་ལྡན་ཅན་དང་ཚད་གཞི་ཅན། བཟོ་རིམ་ཅན། ཞིབ་ཕྲ་ཅན་བཅས་ཀྱི་དོ་དམ་བྱེད་སྟངས་ལག་ལེན་བྱས་པའི་དུས་མཚུངས་སུ། འགོས་ནད་འགོག་བཅོས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སེམས་ཐག་གཙང་བཅད་ཀྱིས་སྨན་ཁང་ནང་ཕན་ཚུན་འགོས་རེས་བྱས་པའི་གནས་ཚུལ་སྔོན་འགོག་བྱ་དགོས། སྨན་བཅོས་མི་སྣའི་ལས་རེས་བཀོད་སྒྲིག་གི་ལམ་ལུགས་་ལེགས་སྒྱུར་ཚུལ་མཐུན་བྱས་ཏེ་སྨན་པ་དང་ནད་གཡོག་སྨན་པའི་ངལ་གསོ་དུས་ཚོད་འགན་སྲུང་བྱ་དགོས། 

    ལྔ་ནི་སྨན་པ་དང་ནད་གཡོག་སྨན་པའི་འགན་སྲུང་བརྒྱ་ཆ་བརྒྱ་ཐུབ་བྱ་དགོས། སྨན་པ་དང་ནད་གཡོག་སྨན་པ་ནི་ཐེངས་འདིའི་འགོག་བཅོས་ཚད་འཛིན་སྲུང་སྐྱོང་དམག་འཐབ་ནང་གི་རྐང་བྱེད་སྟོབས་ཤུགས་ཡིན་ཞིང་། སྣེ་ཁྲིད་བྱེད་མཁན་མགོ་ཁྲིད་ཀྱིས་སྨན་པ་དང་ནད་གཡོག་སྨན་པ་དོ་དམ་དང་བདེ་ཐང་ཚད་ལེན་བྱེད་ཤུགས་ཆེ་རུ་གཏང་དགོས། རྟའུ་རྫོང་གིས་ནུས་ཤུགས་ཡོད་རྒུས་སྨན་སྤྱོད་ཡོ་བྱད་དང་འགོག་སྲུང་། འཚོ་བའི་མཁོ་ཆས་འགན་སྲུང་བྱས་ཏེ་སྨན་པ་དང་ནད་གཡོག་སྨན་པར་འགན་སྲུང་ཆེས་ཡག་པོ་བྱས་ནས་ཁོ་ཚོར་ལས་གྲྭ་དང་པོའི་ཐོག་བསམ་པ་ཞི་ལྷོད་དང་བློ་བདེ་པོ་ཡོང་དུ་བཅུག་དགོས། 

     འཚམས་འདྲི་མཇུག་བསྒྲིལ་རྗེས། ལུའོ་ཀྲེན་ཧྭས་སྨན་ཁང་འཛུགས་སྐྲུན་དང་སྒྲིག་བཀོད་སྒྲིག་ཆས་གནས་སུ་འབྱོར་ཚུལ་སོགས་ལ་ཞིབ་བཤེར་བྱས་པ་རེད།། 



  • ལེ་ཚན་སྔོན་མ།:ཧྲུའུ་ཅིས་རིམས་འགོག་དང་གཙོ་གནད་ལས་གཞི་མཉམ་འཛིན་བྱ་དགོས་ཟེར།
  • ལེ་ཚན་རྗེས་མ།:སྨན་པ660ཡིས་རྟའུ་རྫོང་དུ་འབད་འཐབ་བྱེད་བཞིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།