དམིགས་འབེན་སྲ་བརྟན་དང་སེམས་ཐག་གཙང་བཅད་ནུས་ཤུགས་ཡོད་དགུསAལྔ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གསར་སྐྲུན་བྱེད།

བདེ་སྐྱིད་ཀྱིས་བསྒྱུར།        2017-03-23

ཉེ་ཆར།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་སྒྲིག་འཛུགས་བྱས་ཏེ།  མི་རྒོད་མཚོའི་ལྗོངས་ཁུལ་གྱི་སྤུས་རིམ་མཐོ་སྤོར་བྱ་རྒྱུ་དང་ལས་གཞིའི་འཛུགས་སྐྲུན་ལས་ཀ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁོང་གིས་ནན་གསུང་གནང་དོན། དམིགས་འབེན་གསལ་པོ་དང་བློ་བརྟན་འགྱུར་མེད།  སེམས་ཐག་གཙང་བཅད་བྱས་ནསAལྔ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་ཚད་གཞི་ལྟར་མི་རྒོད་མཚོའི་ལྗོངས་ཁུལ་སྤུས་རིམ་མཐོ་སྤོར་བྱ་རྒྱུར་སྔར་བས་སྐུལ་འདེད་གཏང་དགོས།  ནུས་ཤུགས་ཡོད་དགུས་ཡུལ་སྐོར་ལྗོངས་ཁུལ་སྤུས་ལེགས་གསར་སྐྲུན་བྱས་ཏེ་ཁུལ་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་གཙོ་བོ་ཆེ་རུ་གཏང་དགོས།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲེན་ཐེན་ཆང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་རེད།

ཞའོ་ཡིའུ་ཚའེ་ཡིས་ནན་གསུང་གནང་དོན།  དར་མདོ་ནས་མི་རྒོད་མཚོའི་ལྗོངས་ཁུལ་བར་དང་གྲོང་འགོ་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་འགོ་མགྱོགས་པོར་བཙུགས་ནས།  གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དང་ལྗོངས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དུས་མཉམ་དུ་ཤར་གཏོང་ཐུབ་པར་བྱ་དགོས།  ནུས་ཤུགས་ཡོད་དགུས་ཡུལ་སྐོར་འགྲོ་སྐྱོད་ཀྱི་ཆ་རྐྱེན་ལེགས་བཅོས་བྱ་དགོས། དར་མདོ་གྲོང་ཁྱེར་གྱིས་ལྗོངས་ཁུལ་གྱི་ལྟེ་བའི་ལྗོངས་ཁུལ་དང་མཐའ་འཁོར་ལྗོངས་ཁུལ་སོགས་ཀྱི་ཕྱོགས་བཞིའི་མཚམས་ཚད་གཏན་འཁེལ་བྱེད་པ་དང་།  ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཀྱི་རྒྱུ་ནོར་ལེགས་སྒྲིག་བྱས་ཏེ་ལྗོངས་ཁུལ་རིམ་སྤོར་བྱ་རྒྱུའི་ལས་དོན་གྱི་རྨང་གཞི་ཡག་པོ་འདིང་དགོས། ལྗོངས་ཁུལ་གཡས་གཡོན་གྱི་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་མཉམ་དུ་ལག་བསྟར་བྱ་དགོས་ཤིང་། སྡོད་ཁང་བསྐྲུན་པར་ཞིབ་འགོད་ནན་པོ་དང་ཁང་པའི་ཕྱི་རྣམ་ལ་ཚོད་འཛིན་ནན་པོ།  ལམ་རྒྱུད་ཞིང་པའི་སྡོད་ཁང་གི་རྣམ་པ་སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་དང་།  ཡུལ་སྐོར་སྒྲིག་ལམ་བཅོས་སྒྲིག་ཤུགས་ཆེན་བྱ་དགོས།  ལྗོངས་ཁུལ་གསར་སྤེལ་གཉེར་སྐྱོང་དང་མང་ཚོགས་ཀྱི་ཁེ་ཕན་བར་མཐུན་སྦྱོར་ཡག་པོ་བྱས་ནས་ལྗོངས་ཁུལ་གསར་སྤེལ་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། གཉིས་ཕན་མཉམ་ཁེ་དང་མཉམ་འཕེལ་མཉམ་རྒྱས་བྱས་ནས་ལྗོངས་ཁུལ་གསར་སྤེལ་ཁེ་ལས་དང་ལྗོངས་ཁུལ་གྱི་ཡོང་སྒོར་བགོ་བཤའ་དང་མ་དངུལ་འཇོག་གྲངས།  གཉེར་སྐྱོང་བྱེད་ཁོངས་སོགས་མཛའ་མཐུན་གྱིས་གྲོས་མོལ་བྱས་ནས་མི་རྒོད་མཚོའི་ཡུལ་སྐོར་གསར་སྤེལ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏང་དགོས་པ་རེད།།

  • ལེ་ཚན་སྔོན་མ།:དུང་དཀར་ལུང་པAལྔ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་གྲས་སུ་ཚུད།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་རྟའུ་རྫོང་དུ་དགོན་པའི་དོ་དམ་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་།
  • དོ་སྣང་ཆེ་བའི་རྩོམ།