ཞིང་ཆེན་སྲིད་གཞུང་གིས་རང་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཚང་མ་དབུལ་ཕོངས་རྫོང་གི་གྲས་ནས་བུད་པའི་ཆོག་མཆན་གནང་།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2020-02-21

     ཉེ་ཆར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་དཔོན་དབྱིན་ལི་ཡིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས42པ་གཙོ་འགན་བཞེས་ཤིང་། ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཟིགས་ཞིབ་ཁྲིད་སྟོན་གནང་སྐབས་ཀྱི་ལག་བཀའ་སློབ་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་ཀྱི་སྙིང་དོན། ཀྲུང་དབྱང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་ལ་ཁ་གཏད་འཇལ་བའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཀྱི་སྙིང་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་ཀྱི་སྙིང་དོན་བཅས་སློབ་སྦྱོང་དང་ལག་ལེན་བྱས་ཤིང་། ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་སྔོན་འགོག་ཚོད་འཛིན་དང་ལས་ཀ་དང་ཐོན་སྐྱེད་བསྐྱར་གསོ། དབུལ་ཐར་འགག་སྒྲོལ། གྲོང་སྡེ་དར་རྒྱས་བཅས་ཀྱི་ལས་དོན། དེ་བཞིན་འབྲེལ་ཡོད་གཟེངས་བསྟོད་ལ་དོན་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས་བཀོད་སྒྲིག་བྱས་པ་རེད།དུས་མཉམ་དུ་ཚོགས་ཐོག་ཞུའེ་ཡུང་རྫོང་སོགས་རྫོང31དབུལ་ཕོངས་རྫོང་གི་གྲས་ནས་ཕྱིར་འབུད་པ་ཆོག་མཆན་སྤྲད་པ་རེད།

    ཉེ་དུས་ཞིང་ཆེན་སྲིད་གཞུང་གི་དྲྭ་ཚུགས་སུ་སྤེལ་བའི་སི་ཁྲོན་ཞིང་ཆེན་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་སྤྱི་ཚོགས་ཡོངས་ལ་ཞུའེ་ཡུང་རྫོང་སོགས་རྫོང31དབུལ་ཕོངས་རྫོང་གི་གྲས་ནས་འབུད་པར་བསམ་འཆར་བསྡུ་ལེན་བྱེད་པའི་སྐོར་གྱི་སྤྱི་བསྒྲགས་ལྟར་ན། དེའི་ནང་དུ་རང་ཁུལ་གྱི་ཉག་ཆུ་རྫོང་དང་རྟའུ་རྫོང་། བྲག་མགོ་རྫོང་། དཀར་མཛེས་རྫོང་། ཉག་རོང་རྫོང་། སྡེ་དགེ་རྫོང་། དཔལ་ཡུལ་རྫོང་། སེར་ཤུལ་རྫོང་། གསེར་ཐར་རྫོང་། ལི་ཐང་རྫོང་། འབའ་ཐང་རྫོང་། སྡེ་རོང་རྫོང་བཅས12ཡོད་པ་རེད། དེ་ནས་བཟུང་དཀར་མཛེས་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཐམས་ཅད་ཀྱི་དབུལ་ཞྭ་ཕུད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་ལྕགས་ཟམ་རྫོང་ནི2018ལོའི་ཟླ་བ7པའི་ཚེས31ཉིན་ལ་ཞིང་ཆེན་སྲིད་གཞུང་གིས་དབུལ་ཕོངས་རྫོང་གི་གྲས་ནས་བུད་པའི་ཆོག་མཆན་གནང་ཡོད།

    རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་། རོང་བྲག་རྫོང་། བརྒྱད་ཟིལ་རྫོང་། ཕྱག་ཕྲེང་རྫོང་། འདབ་པ་རྫོང་བཅས་ནི་2019ལོའི་ཟླ་བ4པའི་ཚེས28ཉིན་ཞིང་ཆེན་སྲིད་གཞུང་གིས་དབུལ་ཕོངས་རྫོང་གི་གྲས་ནས་བུད་པའི་ཆོག་མཆན་གནང་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་སྤྱི་ཚོགས་ལས་རིགས་ཁག་གིས་རིམས་འགོག་ལ་རྒྱུ་དངུལ་གྱི་ཞལ་འདེབས་སྒོར་བྱེ་བ་གཅིག་ལས་བརྒལ་བ་ཕུལ།
  • ལེ་ཚན་རྗེས་མ།:སྤྲུལ་སྐུ་རྒྱ་མཚོས་ཁམས་རྟའུ་རྫོང་ལ་རོགས་སྐྱོར་གནང་།
  • དོ་སྣང་ཆེ་བའི་རྩོམ།