རྟའུ་ཡིས་ཉིན3རིང་ལ་ནད་དུག་འགོག་བཅོས་སྨན་ཁང་ཞིག་གྲ་སྒྲིག་བྱས་འདུག

གངས་ཀྱིས་བསྡུས་བསྒྱུར་བྱས།        2020-02-20

རྟའུ་ཡིས་ཉིན3རིང་ལ་ནད་དུག་འགོག་བཅོས་སྨན་ཁང་ཞིག་གྲ་སྒྲིག་བྱས་འདུག


  རྟའུ་རྫོང་ལ་ནད་དུག་གསར་པ་ཕོག་པའི་ནད་པ་བྱུང་བ་ནས་བཟུང་།རྫོང་གིས་དོགས་ཡོད་ནད་པ་རྣམས་ཟུར་དུ་བཀར་ས་དང་སྨན་ལ་བསྟེན་ས་བཅས་ཕྱོགས་གང་ཅིའི་ཐད་ལ་འབད་པ་བྱས་ཡོད་པ་རེད།ནད་དུག་འགོག་བཅོས་ཀྱི་དགོས་མཁོ་ལྟར་དེ་སྔོན་ལས་ཚར་ཡང་ད་དུང་བེད་སྤྱོད་མེད་པའི་རྫོང་རྒྱ་ལུགས་དང་བོད་ལུགས་སྨན་ཁང་དེ་ནད་དུག་འགོག་བཅོས་བྱེད་སར་བསྒྱུར་རྒྱུར་ཐག་བཅས་རྗེས།ཟླ2པའི་ཚེས16ཉིན་ནས་འགོ་བཙུགས་ཏེ་ཉིན་གསུམ་གྱི་རིང་ལ་ཆུ་དང་གློག སྨན་བཅོས་བྱེད་ས་བཅས་ནང་གི་སྒྲིག་ཆས་ཚང་མ་ཚད་དང་ལྡན་པའི་ནད་དུག་འགོག་བཅོས་སྨན་ཁང་ཞིག་ལེགས་གྲུབ་བྱུང་བ་རེད།སྨན་ཁང་འདིས་རྟའུ་རྫོང་གིས་ནད་དུག་འགོག་བཅོས་བྱེད་པར་ཕན་ཆེན་པོ་ཐོགས་ངེས་རེད།

  • ལེ་ཚན་སྔོན་མ།:བྲག་མགོ་རྫོང་གཙང་སྨད་ཡུལ་ཤོག་གིས་ནད་དུག་སྔོན་འགོག་གི་ལས་ཀར་འབད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་སྤྱི་ཚོགས་ལས་རིགས་ཁག་གིས་རིམས་འགོག་ལ་རྒྱུ་དངུལ་གྱི་ཞལ་འདེབས་སྒོར་བྱེ་བ་གཅིག་ལས་བརྒལ་བ་ཕུལ།
  • དོ་སྣང་ཆེ་བའི་རྩོམ།