ཁུལ་སྨན་ཁང་གིས་ནང་ལོགས་ས་ཁུལ་གྱི་སྨན་ཁང་དང་བསྡུར་ཏེ་མི་འདང་ས་བཙལ་བ།

ཀུན་དགས་བསྒྱུར།        2017-03-21

མིག་སྔར། ཁུལ་སྨན་ཁང་གིས་ཁུལ་ཨུའི་བཀོད་སྒྲིག་དང་ཁུལ་འཕྲོད་བསྟེན་ལས་དོན་ཨུ་ལྷན་གྱི་བཀོད་སྒྲིག་ལ་གཞི་བཟུང་ནས་ནང་ལོགས་ས་ཁུལ་གྱི་སྨན་ཁང་དང་ཚད་བསྡུར་བྱས་ཏེ་མི་འདང་ས་འཚོལ་བ་དང་གྲོས་བསྡུར་ཆེན་པོའི་བྱེད་སྒོ་ཏན་ཏིག་སྤེལ་བ་རེད། སྨན་ཁང་དེས་སྨན་ཁང་གི་ལས་བྱེད་གོང་འོག་ཚང་མས་སྨན་ཁང་གི་དོན་དངོས་དང་རྙེད་པའི་གནད་དོན་ལ་དམིགས་ནས་སྐྱོན་བརྗོད་དང་གྲོས་བསྡུར་ཆེན་པོ་བྱས་པས་མ་ཚད་ལེགས་བཅོས་བྱེད་ཐབས་གཏན་འབེབས་བྱ་དགོས་པའི་རེ་འདུན་བཏོན་པ་དང་། གཅིག་གྱུར་གྱིས་འཆར་འགོད་དང་དམ་འཛིན་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ་གྲོས་བསྡུར་ཆེན་པོའི་བྱེད་སྒོ་དང་ཁུལ་ཨུའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་དང་ཟུང་འབྲེལ་བྱེད་ཅིང་།   སྦྱང་བྱ་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་བྱ་རྒྱུ་དང་ཟུང་དུ་འབྲེལ་བ་དང་།    སྨན་ཁང་གི་རྒྱུན་ལྡན་ལས་ཀ་དང་ཡང་ཟུང་འབྲེལ་བྱས་ནས་ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ལྟེ་བ་ཡིན་པའི་ཆ་ནས་སྨན་ཁང་གཞན་དུ་བསྒྱུར་ནས་སྨན་བཅོས་བྱེད་ཚད་སྔར་བཞིན་ཞིང་ཆེན་ཡོངས་སུ་མཐོ་ཤོས་ཡིན་པ་ལས་ཇེ་ཉུང་དུ་མི་འགྲོ་བར་ངོས་འཛིན་གང་ལེགས་བྱ་རྒྱུ་དང་།   སྨན་ཁང་གི་ཕྱོགས་བསྡུས་ནུས་པ་དང་ནང་ལོགས་ས་ཁུལ་གྱི་སྨན་ཁང་དང་བསྡུར་ན་ད་དུང་ཧེ་བག་ཡོད་ཅིང་། སྨན་ཁང་གི་ཞབས་ཞུའི་ཆུ་ཚད་དང་མི་སེར་ཚོའི་དགོས་མཁོའི་བར་ཡང་ཧེ་བག་ཡོད་པ།   སྨན་བཅོས་ཀྱི་སྤུས་ཚད་དང་བདེ་སྲུང་བྱེད་ཐབས་སྐོར་ལ་ད་དུང་སྔར་བས་ཤུགས་སྣོན་བརྒྱག་དགོས། གྲོས་བསྡུར་ཆེན་པོའི་བྱེད་སྒོ་སྤེལ་བའི་གོ་སྐབས་དང་བསྟུན་ནས་འཕེལ་འགྱུར་ཁྲོད་དུ་གནད་དོན་ཐག་གཅོད་བྱ་དགོས་ལ་ནད་པའི་འདོད་བློ་བསྐང་དགོས་པ་དང་ནད་ཚབས་ཆེན་བྱུང་ནའང་རང་ཁུལ་བརྒལ་ནས་སྨན་བཅོས་བྱེད་སར་འགྲོ་མི་དགོས་པ། བོད་ཁུལ་གྱི་རིམ་གྲས་དང་པོའི་རིམ་པ་གསུམ་པའི་སྨན་ཁང་ཀ་པ་གསར་འཛུགས་བྱ་རྒྱུ་དང་སྨན་བཅོས་མི་སྣའི་བྱ་གཞག་འཕེལ་རྒྱས་བྱུང་ནས་མཐར་ཁུལ་སྨན་ཁང་དེ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་དམིགས་ཡུལ་ལྔ་འགྲུབ་ཐུབ་པར་བྱ་དགོས།། 

  • ལེ་ཚན་སྔོན་མ།:གསར་འགྱུར་གནད་བསྡུས།
  • ལེ་ཚན་རྗེས་མ།:ཁུལ་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བདེ་འཇགས་ཐོན་སྐྱེད་དང་ཁུལ་ཡོངས་ཀྱི་ལྟེ་བའི་ལས་ཀའི་འགོ་འཛུགས་ས་འཚོལ།
  • དོ་སྣང་ཆེ་བའི་རྩོམ།