ཞའོ་ཡིའུ་ཚའེ་ཡིས་རིམས་འགོག་དང་འཕེལ་རྒྱས་མཉམ་འཛིན་བྱ་དགོས་གསུངས།

ཡེ་མགོན་གྱིས་བསྒྱུར།        2020-02-20

     སྤྱི་ཟླ2པའི་ཚེས14ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་སྲིད་གཞུང་གི་ཁུལ་དཔོན། བཀོད་འདོམས་པའུ་ཡི་བཀོད་འདོམས་པ་ཞའོ་ཡིའུ་ཚའེ་ཡིས་གཙོ་སྐྱོང་གནང་ནས་དཀར་མཛེས་ཁུལ་གྱིས་ཏོག་གསར་ནད་དུག་གློ་ཚད་རིམས་ནད་འབྱུང་ཚུལ་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ཚོགས་པ་རེད།གྲོས་ཚོགས་ཐོག་ལས་སྒྲུབ་ཚོ་ཆུང་སོ་སོས་འབྲེལ་ཡོད་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པར་ཉན་འཇོག་བྱས་པ་དང་མིག་སྔར་ཁུལ་ཡོངས་ཀྱི་རིམས་ནད་འབྱུང་ཚུལ་འགོག་བཅོས་ཚོད་འཛིན་གྱི་གནས་བབ་ལ་ཞིབ་འཇུག་སྔོན་ཚོད་བྱས་པ་དང་ཆབས་ཅིག ཕྱིན་ཆད་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

     ཞའོ་ཡིའུ་ཚའེ་ཡིས་བསྟན་དོན། མིག་སྔར།རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འབྱུང་ཚུལ་འགོག་བཅོས་ཚོད་འཛིན་བྱ་རྒྱུ་འདི་ཕན་ཚུན་སྲ་འཛིན་གྱི་རྣམ་པའི་ནང་གནས་ཡོད་པས་མི་དམངས་དམག་འཐབ་དང་སྤྱི་ཡོངས་དམག་འཐབ།འགོག་རྒོལ་དམག་འཐབ་ཀྱི་ཤུགས་ཆེས་ཆེན་པོ་འདོན་དགོས་པའི་འགག་རྩའི་དུས་རིམ་དུ་བསླེབས་ཡོད་པ་རེད།ཁུལ་ཡོངས་ཀྱི་གནས་བབ་ལ་བལྟས་ན་ས་གནས་ཆ་ཤས་སུ་གློ་བུར་གྱི་གནས་ཚུལ་བྱུང་ནས་གནས་བབ་སྔར་བཞིན་ཧ་ཅང་རྙོག་འཛིང་ནན་པོ་ཡིན་པ་རེད།རིམ་པ་སོ་སོའི་སྡེ་ཁག་སོ་སོས་ངེས་པར་དུ་ཁྱོན་ཡོངས་དང་འཕྱུགས་མེད་ཀྱིས་ཀྲུང་དབྱང་དང་ཞིང་ཆེན།ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་རིམས་ནད་འབྱུང་ཚུལ་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་མཉམ་འཛིན་བྱས་ཕྱོགས་གཉིས་མི་འགོར་བ།ཕྱོགས་གཉིས་ནན་འཛིན་བྱས་ཏེ་རིམས་ནད་འབྱུང་ཚུལ་འགོག་བཅོས་ཚོད་འཛིན་མཐའ་གཏུག་རྒྱལ་ཁ་འཐོབ་པར་འགག་རྩའི་ཆ་རྐྱེན་བསྐྲུན་པར་བརྟེན།དབུལ་ཐར་འགག་སྒྲོལ་བྱེད་པར་རྟིང་མའི་བཙན་རྫོང་བསྐྲུན་པར་ཁོར་ཡུག་ཡག་པོ་འཛུགས་སྐྱོང་བྱ་དགོས།

    ཞའོ་ཡིའུ་ཚའེ་ཡིས་བླང་བྱ་བཏོན་དོན།སྔར་ལྷག་གིས་རྟའུ་རྫོང་དུ་ནད་གཞི་གཏན་འཁེལ་བྱས་པ་དང་དོགས་གཞི་ཡོད་པའི་ནད་དཔེ་ལ་འབྲེལ་འདྲིས་བྱེད་མཁན།དོས་སྐྱེལ་རླངས་འཁོར། ལུགས་རྙིང་ལོ་གསར་སྐབས་སུ་ཕ་ཡུལ་དུ་ལོག་པའི་མི་སྣ་དཔེ་བསྡུ་ཞིབ་བཤེར་ཡག་པོ་བྱེད་ཤུགས་ཆེ་རུ་བཏང་ནས་དཔེ་དབྱིབས་བསྡུ་རྒྱུ་དང་ལྟ་དཔྱད་ཚད་ལེན།ཞིབ་བཤེར་ལེགས་འདེམས་བྱེད་ཁྱོན་རྒྱ་སྐྱེད་གཏང་དགོས། རྫོང(གྲོང་ཁྱེར)ཁག་སོ་སོས་ཞིང་ཆེན་གྱིས་ཏོག་གསར་གློ་ཚད་རིམས་ནད་འབྱུང་ཚུལ་ལ་ཁ་གཏད་འཇལ་བའི་བབ་བསྟུན་བཀོད་འདོམས་པུའུ་ཡིས་བཀྲམ་པའི《ཕྱིར་འགྲོ་མཁན་མི་སྣས་བདེ་ཐང་ལག་ཁྱེར་ཡིག་ཐོ་སྙན་ཞུ་འབུལ་བར་ཞབས་ཕྱི་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི》འབྲེལ་ཡོད་བླང་བྱ་ལྟར།རིམས་ནད་འབྱུང་ཚུལ་འགོག་བཅོས་ཚོད་འཛིན་དང་འགྲིམ་འགྲུལ་ཤར་གཏོང་བྱེད་ཚད་མཐོར་འདེགས་བྱས་ཏེ་ཆ་རྐྱེན་འཛོམས་པའི་མང་ཚོགས་འགྲོ་འོང་སྟབས་བདེ་ཡོང་བར་འགན་སྲུང་བྱ་དགོས།

    བཀོད་འདོམས་པུའུ་ཡི་བཀོད་པ་གཞོན་པ་དང་ལས་སྒྲུབ་ཚོ་ཆུང་སོ་སོའི་འགན་འཁུར་མི་སྣ་གྲོས་ཚོགས་ནང་ཞུགས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:དར་མདོ་ནས་རྫོང་ཁག་ཁ་ཤས་ལ་སྤྱི་འགྲུལ་རླངས་འཁོར་གཏོང་འགོ་ཚུགས།
  • ལེ་ཚན་རྗེས་མ།:བྲག་མགོ་རྫོང་གཙང་སྨད་ཡུལ་ཤོག་གིས་ནད་དུག་སྔོན་འགོག་གི་ལས་ཀར་འབད།
  • དོ་སྣང་ཆེ་བའི་རྩོམ།