དར་མདོ་ནས་རྫོང་ཁག་ཁ་ཤས་ལ་སྤྱི་འགྲུལ་རླངས་འཁོར་གཏོང་འགོ་ཚུགས།

ཨོ་རྒྱན་གྱིས་བསྒྱུར།        2020-02-19

  སྤྱི་ཟླ2པའི་ཚེས18ཉིན་གསར་འགོད་པས་དར་མདོ་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་དོན། དར་མདོ་གྲོང་ཁྱེར་གྱིས་དར་མདོ་ནས་ཁྲེང་ཏུའུ་བར་དང་། དར་མདོ་ནས་ལི་ཐང་བར། དར་མདོ་ནས་དཀར་མཛེས་རྫོང་བར། དར་མདོ་ནས་ལྕགས་ཟམ་རྫོང་བར། གུ་དྲག་ནས་ལྕགས་ཟམ་རྫོང་བར། གུ་དྲག་ནས་འཁོབ་ཡུལ་བར། འཁོབ་ཡུལ་ནས་སྐྱིད་ཐང་བར། དར་མདོ་ནས་ར་རྔ་ཁ་བཅས་བར་གྱི་འགྲུལ་སྐྱེལ་ལམ་ཐིག8སླར་གསོ་བྱས་པ་རེད།


དར་མདོ་ནས་རྫོང་ཁག་ཁ་ཤས་ལ་སྤྱི་འགྲུལ་རླངས་འཁོར་གཏོང་འགོ་ཚུགས།


   ཤེས་རྟོགས་བྱུང་དོན། དར་མདོ་ས་ཁུལ་བརྒལ་བའི་འགྲུལ་སྐྱེལ་དང་། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ། གྲོང་གསེབ་ཀྱི་འགྲུལ་སྐྱེལ། གླ་འཁོར་སོགས་སྐྱེལ་འདྲེན་ཁེ་ལས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་སླར་ཚུགས་བྱུང་ཡོད་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་ལྕི་རུ་ཕྱིན་ཡོད་པ་རེད། དར་མདོ་གྲོང་ཁྱེར་གྱིས་མཉམ་འགུལ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཞིང་། འགྲིམ་འགྲུལ་དང་། སྤྱི་བདེ། འགྲིམ་འགྲུལ་ཉེན་རྟོག། འཕྲོད་བསྟེན། སྤྱི་འཁོར་སྡེ་ཚན་སོགས་ཀྱིས་གྲུབ་པའི་འགྲིམ་འགྲུལ་ནད་ཡམས་ཞིབ་བཤེར་ཚོ་ཆུང་ཞིག་གསར་འཛུགས་བྱས་ཏེ་གྲོང་ཁྱེར་འགོ་གཙོ་གཞོན་པས་ཚོ་ཆུང་འདིའི་གཙོ་འགན་བཞེས་ཡོད་པ་རེད། དར་མདོ་གྲོང་ཁྱེར་གྱི་འགྲིམ་འགྲུལ་ནད་ཡམས་ཞིབ་བཤེར་ས་ཚིགས9ནས་འགྲོ་འོང་བྱེད་པར་ཆུ་ཚོད24རིང་ལ་མི་དང་རླངས་འཁོར་ལ་ཞིབ་བཤེར་བྱས་ཤིང་རིམས་འགོག་བརྟན་སྲུང་དུ་བཏང་ཡོད་པ་རེད།

  དར་མདོ་གྲོང་ཁྱེར་གྱིས་འཁོར་སྒུག་ཁང་དང་རླངས་འཁོར་ལ“ཉིན་རེའི་དུག་སེལ”གྱི་ལམ་ལུགས་ལག་བསྟར་བྱས་ཤིང་། འགྲུལ་པ་བབས་ཚིགས་སུ་བསྐྱོད་དེ་ལུས་དྲོད་ཞིབ་བཤེར་དང་མི་སྒེར་གྱི་ཆ་འཕྲིན་ཐོ་འགོད་ལག་བསྟར་ནན་པོ་བྱེད་བཞིན་ཡོད་པ་རེད། ཉིན་རེར་རླངས་འཁོར100ལྷག་ལ་དུག་སེལ་བྱེད་བཞིན་ཡོད་པ་དང་། མིག་སྔར་དར་མདོ་གྲོང་ཁྱེར་གྱིས་ཉིན་རྟག་པར་འགྲུལ་འཁོར30ལྷག་དང་། སྤྱི་འཁོར10ལྷག། གླ་འཁོར60ལྷག་གིས་ཉིན་རེར་ཆ་སྙོམས་འགྲུལ་པ1000ལྷག་སྐྱེལ་བསུ་བྱས་ནས་གྲོང་མི་ཕྱིར་སྐྱོད་ཀྱི་དགོས་མཁོ་འགན་ལེན་བྱེད་བཞིན་ཡོད་པ་རེད། 

   དེ་དང་ཆབས་ཅིག་གཡག་མདོ་མྱུར་ལམ་ཉེན་རྟོག་དང་། མྱུར་ལམ་འགྲིམ་འགྲུལ་ཉེན་རྟོག་ཁྲིམས་འཛིན་སོགས་ལས་ཁུངས་དག་ལས་ཀར་མཉམ་ཞུགས་བྱས་ཤིང་གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་ས་ཚིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀར་ཤུགས་སྣོན་བརྒྱབ་ཡོད་པ་རེད། དཀར་མཛེས་ཁུལ་གཞུང་ལམ་ཅུས་དང་། ཁུལ་ལམ་སྲིད་ཡན་ལག་རུ་ཁག  དར་མདོ་གཞུང་ལམ་ཡན་ལག་ཅུས་སོགས་ཁུལ་རིམ་པའི་འགྲིམ་འགྲུལ་ལས་ཁུངས་དག་གིས་གཞོགས་འདེགས་ཧུར་ཐག་བྱས་ཏེ་དར་མདོ་མངའ་ཁོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པར་འགན་ལེན་བྱས་ཤིང་། ཉེ་འཁོར་གྱི་རྫོང(གྲོང་ཁྱེར)གི་ཆ་འཕྲིན་སྤེལ་རེས་བྱས་པ་དང་། འགྲིམ་འགྲུལ་བཀག་སྡོམ་གྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་རེད།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་རིམས་འགོག་ལ་སྒོར་བྱེ་བ་གཅིག་ལྷག་ཞལ་འདེབས་ཕུལ་འདུག
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་རིམས་འགོག་དང་འཕེལ་རྒྱས་མཉམ་འཛིན་བྱ་དགོས་གསུངས།
  • དོ་སྣང་ཆེ་བའི་རྩོམ།