རང་ཁུལ་གྱིས་རིམས་འགོག་ལ་སྒོར་བྱེ་བ་གཅིག་ལྷག་ཞལ་འདེབས་ཕུལ་འདུག

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2020-02-19

  ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་བྱུང་བ་ནས་བཟུང་། རང་ཁུལ་གྱི་ཁེ་ལས་ལས་རིགས་དང་རིག་རྩལ་ལས་རིགས། ཆོས་ལུགས་ལས་རིགས། ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་མི་བརྒྱ་སེམས་གཅིག་གིས་བློ་ཤུགས་མཉམ་འདོན་བྱས་ཏེ་ཏོག་གསར་གློ་ཚད་ཀྱི་འགོག་རྒོལ་དམག་འཐབ་རྒྱག་པ་རེད། ད་ལྟའི་བར་དུ། ཁུལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་དང་། ཞིང་ལས་ཆེད་ལས་མཉམ་ལས་ཁང་། སྒེར་གཉེར་བཟོ་ཚོང་དུད་ཚང་བཅས343གྱིས་དངོས་རྫས་དང་དངུལ་རྐྱང་གི་ཞལ་འདེབས་ཕུལ་བ་རིམ་བརྩིས་བྱས་ན་སྒོར་ས་ཡ3དང་འབུམ4ཁྲི4དང་སྟོང8ལ་ཟིན་པ་དང་། དེའི་ནང་དུ་དངུལ་རྐྱང་སྒོར་ས་ཡ1དང་འབུམ3ཁྲི2ཡོད་ཅིང་དངོས་རྫས་སྒོར་ཐོག་ཕབ་པ་སྒོར་ས་ཡ2དང་འབུམ1ཁྲི2ལྷག་ལ་ཟིན་ཡོད་པ་རེད། ཁུལ་དགེ་སྒྲུབ་སྤྱི་ཁྱབ་ཁང་ལ་ཞལ་འདེབས་འབུལ་ཡུལ་གཏན་འཁེལ་ཡིན་པ་དང་གཏན་འཁེལ་མིན་པའི་སྒོ་ནས་སྒོར་འབུམ2དང་ཁྲི6སྟོང3ལྷག་འབྱོར་བ་དང་། ཁུལ་རྒྱ་གྲམ་དམར་པོའི་ཁོངས་གཏོགས་སུ་རིམ་བརྩིས་བྱས་ན་སྤྱི་ཚོགས་ཀྱི་རྒྱུ་དངུལ་ཐད་ཀྱི་ཞལ་འདེབས་སྒོར་ས་ཡ6དང་འབུམ8ཁྲི5སྟོང3འབྱོར་ཡོད་ཅིང་། དེའི་ནང་དུ་ཁེ་ལས་ཀྱི་སྒོར་ས་ཡ2དང་འབུམ9ཁྲི8སྟོང2ཡོད་པ་དང་། ཆོས་ལུགས་ལས་རིགས་ཀྱི་སྒོར་ས་ཡ1དང་འབུམ1ཁྲི6སྟོང7ཡོད་པ་དང་། འཁྲབ་རྩལ་ལས་རིགས་ཀྱི་སྒོར་ཁྲི8ཡོད་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་སྒོར་ས་ཡ1དང་འབུམ6སྟོང4ཡོད་པ་དང་། ལས་རིགས་གཞན་དག་གི་སྒོར་ས་ཡ1དང་ཁྲི2ཡོད་པ་རེད།།

  • ལེ་ཚན་སྔོན་མ།:རྟའུ་རྫོང་ལ་ནད་དུག་ཕོག་མཁན་མང་ཚུལ་དང་དེ་འགོག་ཐབས་སྐོར་གྱི་ལན།
  • ལེ་ཚན་རྗེས་མ།:དར་མདོ་ནས་རྫོང་ཁག་ཁ་ཤས་ལ་སྤྱི་འགྲུལ་རླངས་འཁོར་གཏོང་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།