ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་གཉིས་ཀྱིས་ཡང་འདི་འདྲ་གསུངས་འདུག

​སྐལ་ཐུབ་ཀྱིས་བསྡུས་བསྒྱུར་བྱས།        2020-02-18

 སྤྱི་ཟླ2པའི་ཚེས17ཉིན། ཁུལ་ཨུའི་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་ལ་ཁ་གཏད་འཇལ་བའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས5པ་དང་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས21པ་དེ་དར་མདོར་འཚོགས་པ་རེད།


ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་གཉིས་ཀྱིས་ཡང་འདི་འདྲ་གསུངས་འདུག


   ཚོགས་ཐོག་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་རྟའུ་རྫོང་གི་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་སྔོན་འགོག་ཚོད་འཛིན་ལས་དོན་ཐད་གནང་བའི་མཆན་བཀོད་ཀྱི་སྙིང་དོན་དང་། ཞིང་ཆེན་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས་བཀྲམ་པའི《སྔར་ལྷག་གིས་རྟའུ་རྫོང་གི་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཤུགས་ཆེ་རུ་གཏང་དགོས་པའི་སྐོར་གྱི་ཛ་དྲག་བརྡ་ཐོ》དང་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་ལ་ཁ་གཏད་འཇལ་བའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས13པ་དང་ཞིང་ཆེན་ཞིང་སྡེའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི2020ལོའི་གྲོས་ཚོགས་ཐེངས་དང་པོ་བཅས་ཀྱི་སྙིང་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། རྫོང་དང་གྲོང་ཁྱེར་དུ་བཅའ་སྡོད་བྱས་པའི་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་རིམས་ཚུལ་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཞུས་པར་ཉན་འཇོག་བྱས་པ་དང་། ཕྱིན་ཆད་ཀྱི་རིམས་ཚུལ་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་སྒྲིག་བྱས་པ་རེད།

   ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཅིག་ནི་ཁུལ་ཡོངས་ཀྱི་རིམས་ཚུལ་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གནས་བབ་ཛ་དྲག་ཆེ་བར་ངོས་འཛིན་གསལ་པོར་བྱས་ཏེ་ལས་དོན་ཁག་དོན་ཐོག་ཞིབ་འཁྱོལ་དང་ནན་འཁྱོལ་བྱ་དགོས་པ་དང་། གཉིས་ནི་མཉམ་འགོག་མཉམ་འཛིན་དམ་འཛིན་བྱས་ཤིང་མི་འདང་ས་དང་མི་ཆོག་ས་ཆད་གསབ་བྱ་དགོས། གསུམ་ནི་བཀག་སྡོམ་ཅན་གྱི་དོ་དམ་བྱེད་ཐབས་དོན་འཁྱོལ་ནན་པོ་བྱ་དགོས། བཞི་ནི་བསམ་བློ་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་དངངས་སྐྲག་མི་ལང་པ་སྔོན་འགོག་བྱ་དགོས། ལྔ་ནི་རིམས་འགོག་དང་ལས་དོན་གཞན་དག་དམ་འཛིན་མཉམ་བྱེད་བྱ་དགོས། དྲུག་ནི་ལས་ཀའི་སྒྲིག་ལམ་དམ་ནན་བྱ་དགོས་ཞེས་གསུངས་པ་རེད།

   ཞའོ་ཡིའུ་ཚའེ་ཡིས་གཅིག་ནི་བརྟག་ཞིབ་གྱི་གཙོ་གནད་མངོན་གསལ་བྱེད་ཅིང་བརྟག་ཞིབ་མགྱོགས་པ་བྱེད་པ་དང་ནད་པ་དང་འབྲེལ་འདྲིས་ཆེ་བའི་མི་སྣ་རྗེས་འདེད་བྱེད་ཤུགས་ཆེ་རུ་གཏང་དགོས། གཉིས་ནི་སྨན་ཁང་གི་འགོག་སྲུང་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏང་དགོས། གསུམ་ནི་ཁྱིམ་དུ་ལོགས་བསྡད་བྱེད་པའི་མི་སྣ་ལ“སྔོག་འགོག་ལྔ་དང་མི་ཆོག་པ་གཅིག”གི་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། བཞི་ནི་གཅིག་བསྡུས་ཀྱིས་སྨན་རིག་བརྟག་དཔྱད་བྱེད་བཞིན་ཡོད་པའི་མི་སྣའི་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། ལྔ་ནི་མུ་མཐུད་དེ་མཐོང་ཐོས་དྲན་རེག་བཤད་པར་བརྟེན་ནས་མང་ཚོགས་ཀྱི་སྐྲག་སེམས་བསལ་དགོས། དྲུག་ནི་རིམས་ཚུལ་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏང་དགོས་ཞེས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:འཇའ་མཚོན་གློག་འོད་ཀྱིས“དར་རྩེ་མདོར”མཛེས་རྒྱན་སྤྲས་པ།
  • ལེ་ཚན་རྗེས་མ།:རྟའུ་རྫོང་ལ་ནད་དུག་ཕོག་མཁན་མང་ཚུལ་དང་དེ་འགོག་ཐབས་སྐོར་གྱི་ལན།
  • དོ་སྣང་ཆེ་བའི་རྩོམ།