ཚོགས་ཆེན་གཉིས་ཀྱི་ཤེས་བྱ་སྦྱོང་།

སྐལ་ཐུབ་ཀྱིས་བསྒྱུར།        2020-01-16

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཚོགས་ཆེན་གཉིས་འཚོག་པར་སྤྲོ་སེམས་འཕེལ་བའི་རྟེན་འབྲེལ་ཞུ།


ཚོགས་ཆེན་གཉིས་ཀྱི་ཤེས་བྱ་སྦྱོང་།

བཅུ། ཚོགས་ཆེན་གཉིས་དོན་ཆེན་ཡིན་ཟེར་དོན་གང་ཡིན།

     ལན། རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྒྲིག་བཟོ་དང་དག་བཅོས་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་འདེམས་བསྐོ་བྱ་རྒྱུ་སོགས་རྒྱལ་ཁབ་ཀྱི་དོན་ཆེན་ཚང་མ་ཚོགས་ཆེན་གཉིས་ཀྱི་ཐོག་ཏུ་གྲོས་བསྡུར་བྱ་དགོས་པ་དང་། ཚོགས་ཆེན་གཉིས་ཀྱི་ཐོག་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིམ་པ་ཁག་གི་གྲོས་འགོ་མང་པོ་དང་འབྲེལ་ཡོད་ཡོད་ཅིང་། རྒྱ་ཆེ་བའི་འདེམས་དམངས་ཀྱིས་བསམ་འཆར་དང་རེ་འདུན་བཤད་པའི་གོ་སྐབས་བཟང་ཤོས་ཡིན་པ་རེད། ལོ་རེའི་ཚོགས་ཆེན་གཉིས་ཀྱི་དུས་སུ། སྲིད་གཞུང་གིས་འདས་པའི་ལོ་གཅིག་གི་ལས་ཀར་ཕྱིར་མིག་བལྟས་པ་དང་དེ་ནས་ལོ་རྗེས་མའི་སྲིད་ཇུས་གལ་ཆེན་སྙན་སེང་ཞུ་རྒྱུ་རེད། སྲིད་ཇུས་དེ་དག་གིས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཅིང་མི་མང་གི་རེ་སྒུག་མཚོན་ཡོད་པ་རེད།

བཅུ་གཅིག  རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཅིའི་ཕྱིར་ཟླ་བ3པར་འཚོགས་པ་རེད།

     ལན། ཚོགས་ཆེན་གཉིས་འཚོག་པའི་དུས་ཚོད་ནི་ཉམས་མྱོང་ཕྱོགས་བསྡོམས་དང་རྒྱུན་སྲོལ་ལ་བརྩི་སྲུང་བྱས་པའི་རྨང་གཞིའི་ཐོག་གཏན་འཁེལ་བྱས་པ་རེད།

     རྒྱལ་ཡོངས་དམངས་ཆེན་གྱི་འགན་འཁྲི་གལ་ཆེན་ཞིག་ནི་ལས་ཀའི་སྙན་སེང་དང་སྔོན་རྩིས་ལ་ཆོག་མཆན་གནང་རྒྱུ་དེ་ཡིན་ཞིང་། ལོ་རེའི་དུས་ཚིགས་གཅིག་གི་སྔོན་རྩིས་གཏོང་སྒོ་ཅུང་མང་ཞིང་ལོ་ཧྲིལ་པོའི་གཏོང་སྒོའི་གསུམ་ཆ་གཅིག་ཡིན་པས་རྒྱལ་ཡོངས་དམངས་ཆེན་གྱིས་སྔོན་རྩིས་ལ་ཆོག་མཆན་གནང་ཚེ་ཕྱི་འགྱངས་དེ་ཙམ་བྱེད་མི་རུང་བ་རེད། ནོར་སྲིད་ཀྱི་ལོ་འཁོར་ནི་རང་བྱུང་ལོ་འཁོར་ལ་བརྟེན་ནས་བརྩིས་པ་ཡིན་ཞིང་། གལ་ཏེ་རྒྱལ་ཡོངས་དམངས་ཆེན་ཚོགས་འདུ་སྔ་དྲགས་ན། འབྲེལ་ཡོད་དན་གྲངས་བསྡོམས་རྩིས་བརྒྱབ་མི་ཐུབ་ཅིང་། སྔ་ལོའི་གནས་ཚུལ་ལ་གཞིགས་ནས་སྔོན་རྩིས་གཏན་འབེབས་བྱ་དགོས་པས་ཡང་དག་པ་འོང་ཐུབ་ཀྱི་མེད། ཟླ་བ3པར་འཚོག་པ་ཡིན་ན། བསྡོམས་རྩིས་དང་ཕྱོགས་བསྡོམས་བྱེད་པར་དུས་ཚོད་འདང་ངེས་ཡོད་པ་རེད། དེ་མིན་དཔྱིད་གསར་དུས་ཆེན་གྱི་གུང་གསེང་དང་འབྲེལ་བ་ཡོད་ཅིང་། ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་ནི་ཟླ་བ་དང་པོའི་ཟླ་མཇུག་དང་ཟླ་བ་གཉིས་པའི་འགོར་ཡིན་ཞིང་། ལོ་སར་རྗེས། འཐུས་མི་དང་ཨུ་ཡོན་རྣམས་ལ་གྲ་སྒྲིག་གི་དུས་ཚོད་བཞག་པའི་རྒྱུ་མཚན་ལ་ཡང་བསམ་བློ་བཏང་ཡོད་པ་རེད།


  • ལེ་ཚན་སྔོན་མ།:བྱང་ཆུབ་ཀྱིས་ཨུ་ཡོན་ཚོ་ལ་ཐུགས་རེ་འདི་ལྟར་གནང་།
  • ལེ་ཚན་རྗེས་མ།:སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་གྲོལ་བའི་པར་རིས་རགས་བཀོད།
  • དོ་སྣང་ཆེ་བའི་རྩོམ།