བྱང་ཆུབ་ཀྱིས་ཨུ་ཡོན་ཚོ་ལ་ཐུགས་རེ་འདི་ལྟར་གནང་།

        2020-01-16

བྱང་ཆུབ་ཀྱིས་ཨུ་ཡོན་ཚོ་ལ་ཐུགས་རེ་འདི་ལྟར་གནང་།

  སྤྱི་ཟླ་དང་པོའི་ཚེས13ཉིན་གྱི་སྔ་དྲོར། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཚོ་ཆུང་དང་པོའི་གྲོས་བསྡུར་ནང་ཞུགས་པ་རེད། ཁོང་གིས་སྲིད་གྲོས་ཨུ་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་ཤིང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་སྲིད་གྲོས་ལས་དོན་གྲོས་ཚོགས་བཅས་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བྱེད་ཅིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཞིང་ཆེན་ཏང་ཨུའི་སྲིད་གྲོས་ལས་དོན་དང་། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་བྱེད་པ་དང་།  སྤྱི་ཡོངས་ལ་དམིགས་ནས་ཚད་དཔོག་གནད་སྨིན་བྱེད་པ་དང་། འགན་འཁྲི་ལེགས་སྒྲུབ་བྱས་ཏེ་ལས་གནས་སྲུང་བྱེད་པ། དོན་གཉེར་དངོས་སྒྲུབ་བྱས་ཏེ་དོན་ལ་གནས་ཐུབ་པར་བྱས་ཏེ། འགན་སྒྲུབ་སྤུས་ཚད་མཐོན་པོས་འབྱོར་འབྲིང་དཀར་མཛེས་ཁུལ་བསྐྲུན་པར་བྱས་རྗེས་གཞག་དགོས་པའི་ནན་གསུང་གནང་བ་རེད།

     བྱང་ཆུབ་ཀྱིས་བསྟན་དོན། 2020ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལག་ལེན་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པའི་མཇུག་བསྡུ་བའི་ལོ་ཡང་ཡིན་ཞིང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་བླང་བའི་ལོ་ཡང་ཡིན་པ་རེད། སྲིད་གྲོས་ཨུ་ཡོན་གྱིས་མཐུན་སྒྲིལ་དང་དམངས་གཙོའི་གཙོ་དོན་ཆེན་པོ་གཉིས་ཁོང་དུ་དམ་པོར་ཆུད་པར་བྱེད་ཅིང་། གྲོས་མོལ་དམངས་གཙོ་རྒྱ་ཁྱབ་ཅན་དང་རིམ་མང་ཅན། ལམ་ལུགས་ཅན་བཅས་འཕེལ་རྒྱས་ཧུར་ཐག་གཏོང་ཞིང་། མི་རིགས་ཁག་དང་ལས་རིགས་ཁག་གི་དམངས་གཙོ་དར་སྤེལ་གཏོང་བ་དང་། རྒྱལ་དོན་གྲོས་མོལ་བྱེད་པ། མཐུན་སྒྲིལ་མཉམ་ལས་བྱེད་པའི་ལས་སྟེགས་དེ་བས་ཤུགས་ཆེན་བསྐྲུན་ཅིང་། མི་དམངས་ཚོགས་ཁག་དང་མི་རིགས་དང་ལས་རིགས་ཁག་གི་མི་སྣ་ལ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་དུ་གཉེར་བ་དང་། དམངས་འཚོའི་དོན་ཆེན་མཉམ་དུ་གླེང་བ། གཏན་བདེའི་བྱ་གཞག་ཆེན་པོ་མཉམ་དུ་དར་སྤེལ་གཏང་དགོས། སྐད་ཆ་བདེན་པ་བཤད་པ་དང་དྲང་མོ་བཤད་པར་དམིགས་ནས། གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ཕྱིན་ནས་རྟོག་ཞིབ་ཤུགས་ཆེན་བྱས་ཏེ། ཏང་ཨུ་དང་སྲིད་གཞུང་ལ་ཐབས་ཇུས་ཀྱི་དཔྱད་གཞིར་མཁོ་འདོན་བྱེད་ཅིང་། ཁུལ་ཡོངས་ཀྱི་མི་དམངས་ཡི་རང་བའི་ཚད་ལྡན་གྱི་རྒྱུགས་གཞི་ཞིག་འབུལ་དགོས། ལས་དོན་ཁག་དེ་བས་དོ་དན་གྱིས་སྤེལ་དགོས་ཤིང་། མི་དམངས་སྲིད་གྲོས་ཀྱི་འབྲེལ་བ་མཐུན་སྦྱོར་དང་བློ་ཤུགས་གཅིག་བསྒྲིལ། ཐབས་འབུལ་ཇུས་འབུལ། སྤྱི་ཡོངས་ལ་ཞབས་ཞུ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བློ་དཀར་གྱི་སྲིད་གྲོས་དང་། སྟོབས་ཤུགས་འགྲིལ་བའི་སྲིད་གྲོས། རིག་པ་ལྡན་པའི་སྲིད་གྲོས། གསར་གཏོད་ལྡན་པའི་སྲིད་གྲོས། དམངས་དོན་སྒྲུབ་པའི་སྲིད་གྲོས། གསོན་ཤུགས་ལྡན་པའི་སྲིད་གྲོས་བཅས་གསར་འཛུགས་ཧུར་ཐག་བྱེད་ཅིང་། རྒྱ་ཆེ་བའི་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་མགྲིན་ཚབ་པ་དང་སྙིང་ཉེ་བའི་མི་བྱ་དགོས།

     བྱང་ཆུབ་ཀྱིས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བསམ་བློའི་དྲག་ཆས་སྟོབས་ལྡན་ཡིན་ཞིང་། སྲིད་གྲོས་བྱ་གཞག་མདུན་དུ་ཡང་དག་པ་བསྐྱོད་པའི་རྩ་བའི་བརྩི་སྲུང་ཡིན་པ་རེད། སྲིད་གྲོས་ཨུ་ཡོན་གྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོར་བྱེད་ཅིང་། སྲིད་གྲོས་ཀྱི་རང་བཞིན་ལ་ཚད་དཔོག་ཡང་དག་པ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཆབ་སྲིད་མོས་མཐུན་དང་བསམ་བློའི་མོས་མཐུན། རིགས་གཞུང་མོས་མཐུན། བརྩེ་སེམས་མོས་མཐུན་བཅས་ཆེ་རུ་ཧུར་ཐག་གཏོང་ཞིང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་གཞག་གི་སྐུལ་འདེད་པ་དང་དངོས་སྒྲུབ་པ། མདུན་སྐྱོད་པ་བཅས་བྱེད་གང་ཐུབ་བྱས་ཏེ། སྤྱོད་གོ་ཆོད་པའི་ཐབས་ཇུས་གང་མང་འདོན་པ་དང་། བྱ་བ་ལམ་དུ་འགྲོ་བའི་བྱ་སྤྱོད་གང་མང་སྤེལ་བ། འཆམ་མཐུན་ཡོང་བའི་འགན་འཁྲི་གང་མང་ཁུར་བ་བཅས་བྱས་ཏེ། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་པའི་ཆེད་དུ་འགྲིལ་ཤུགས་གཅིག་བསྒྲིལ་དང་སྒུག་ཤུགས་བསྣན་དགོས།།


  • ལེ་ཚན་སྔོན་མ།:ལི་ཁང་ཉག་ཆུ་རྫོང་གི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་དུ་ཞུགས་སྐབས་མུ་མཐུད་དེ་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་ཤུགས་ཆེན་གཏང་དགོས་ཞེས་གསུངས།
  • ལེ་ཚན་རྗེས་མ།:ཚོགས་ཆེན་གཉིས་ཀྱི་ཤེས་བྱ་སྦྱོང་།
  • དོ་སྣང་ཆེ་བའི་རྩོམ།