གསར་འགྱུར་བརྒྱུད་ལམ་ནས་འཐུས་མིའི་སྙིང་གཏམ་བསྒྲགས།

        2020-01-14

གསར་འགྱུར་བརྒྱུད་ལམ་ནས་འཐུས་མིའི་སྙིང་གཏམ་བསྒྲགས།

  2020ལོའི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དང་སྲིད་གྲོས་དཀར་མཛེས་ཁུལ་སྲིད་གྲོས་ཨུ་ལྷན་གྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་རིང་།  རང་ཁུལ་གྱིས་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་གསར་འགྱུར་བརྒྱུད་ལམ་ཕྱེ་ནས་མིག་སྔར་མང་ཚོགས་ཀྱིས་དོ་ཁུར་བྱས་པའི་གནད་དོན་ལ་གཞིགས་ནས་གསར་འགོད་པའི་བཅར་འདྲི་ལ་དང་ལེན་བྱས་ནས་ལན་གདབ་རྒྱུ་རེད། 


གསར་འགྱུར་བརྒྱུད་ལམ་ནས་འཐུས་མིའི་སྙིང་གཏམ་བསྒྲགས།

    སྤྱི་ཟླ་དང་པོའི་ཚེས14ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པར། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་མ་འཚོག་གོང་། ཁུལ་དམངས་ཆེན་གྱི་འཐུས་མི། འདབ་པ་རྫོང་ག་ཆ་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་ཞའོ་ལྷ་མོ།  དར་མདོ་གྲོང་ཁྱེར་འཁོབ་ཡུལ་ཡུལ་ཤོག་གསེར་ལུང་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲེང་ཡུང་ཆང་།  ལི་ཐང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཀྲེན་ཞན་ཧྥུང་། ཉག་རོང་རྫོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྡོ་རྗེ་ལྷ་མོ་བཅས་གསར་འགྱུར་བརྒྱུད་ལམ་དུ་ཕེབས་ནས་གསར་འགོད་པའི་དྲི་བར་ལན་འདེབས་པ་རེད།


གསར་འགྱུར་བརྒྱུད་ལམ་ནས་འཐུས་མིའི་སྙིང་གཏམ་བསྒྲགས།

   འཐུས་མི་ཞའོ་ལྷ་མོས་ད་ལོར་དབུལ་ཐར་འགག་སྒྲོལ་གྱི་སྤྱི་ཡོངས་མཐོར་འདེགས་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་མཉམ་འདྲེས་བྱས་ནས་འཕེལ་རྒྱས་གཏང་རྒྱུ་གཙོ་བོར་བརྩིས་ཏེ་དམ་འཛིན་བྱ་དགོས། ཅི་རེད་ཟེར་ན།ན་ནིང་ལོར་ང་ཚོའི་རྫོང་འདི་དབུལ་ཐར་འགག་སྒྲོལ་གྱི་དབུལ་ཞྭ་ཕུད་པའི་རྣམ་པ་མངོན་འགྱུར་བྱུང་ཡོད་ལེ་རེད། དེ་ནི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྔོན་མཐོར་རང་བཞིན་གྱི་འཆར་འགོད་བཀོད་སྒྲིག་བྱས་ནས། ང་ཚོའི་ཞིང་ལས་དང་ཞིང་སྡེའི་རྨང་གཞི་སྒྲིག་བཀོད་དང་སྤྱི་ཐུན་མོང་སྒྲིག་བཀོད་བཅས་འདུས་པའི་ས་ཁོངས་བར་དུ་འཕེལ་རྒྱས་སྙོམས་པོ་བྱུང་དང་འབྱུང་བཞིན་ཡོད་པར་བརྟེན། ང་ཚོ་གཞི་རིམ་གྱི་ལས་སྒྲུབ་པར་ཆ་བཞག་ནས་བཤད་ན་ཡིད་ཆེས་དེ་བས་བརྟན་པོ་དང་གདིང་ཤུགས་དེ་བས་ཆེན་པོ་སློང་བས། སེམས་ཤུགས་བསྒྲིམས་ནས་གྲོང་གསེབ་དར་རྒྱས་གཏོང་སའི་ནང་ཞུགས་རྒྱུའི་ཆོད་སེམས་ཡོད། ང་ཚོས་ཡུལ་སྐོར་དང་ཁྱོན་ཡོངས་སྐུལ་འདེད། ཐོན་ལས་གསོ་སྤེལ་སྦྲེལ་མཐུད་བྱས་ནས་མི་སེར་ཚོ་ཐད་ཀ་དང་ཡང་ན་ཞོར་དུ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་སའི་ནང་ཞུགས་ཏེ་ཁོ་ཚོར་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་དུ་བཅུག་རྒྱུ་ཡིན། 

 

གསར་འགྱུར་བརྒྱུད་ལམ་ནས་འཐུས་མིའི་སྙིང་གཏམ་བསྒྲགས།

    གཅིག་ནི་ཡུལ་སྐོར་དང་ལྗོངས་ཁུལ་གྱི་ཐོན་ཁུངས་སྦྲེལ་བའི་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུའི་བྱེད་ཐབས་སྤྱད་ནས་རྟ་གླ་གཏང་རྒྱུ་མེད་པ་བཟོ་རྒྱུ་དང་སྐྱེ་ཁམས་ཀྱི་ཁ་གསབ་རོགས་དངུལ་སྤྲད་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ། མི་སེར་ཚོར་ལྗོངས་ཁུལ་སྒོར་འཛིན་གྱི་ཁེ་ཕན་ཐོབ་པ་བྱས་ནས་འཚོ་བའི་མཁོ་ཆས་རྩ་བ་ནས་ལེགས་བཅོས་གཏང་རྒྱུ་ཡིན།གཉིས་ནི་ཡུལ་སྐོར་ལས་རིགས་འདི་བཟང་བཏུང་ལས་རིགས་ལ་སྦྲེལ་མཐུད་བྱ་དགོ། ཡུལ་སྐོར་ལས་རིགས་ལས་བཟའ་བཅའ་ལ་གཞིགས་ནས་ཁྱད་ཆོས་ཀྱི་ཞིང་ལས་འཕེལ་རྒྱས་གཏོང་ཞིང་། ང་ཚོ་ཡུལ་ཤོག་སྲིད་གཞུང་གིས་འཛུགས་སྐྱོང་བྱས་པའི་པད་ཚལ་རྟེན་གཞི་དང་གྲོའི་རྟེན་གཞི། སེ་པེན་གྱི་རྟེན་གཞི་འདུས་པའི་རྟེན་གཞི་ཆེན་པོ་གསུམ་པོས་ཡུལ་ཤོག་ཡོངས་ཀྱི་ཐོན་ལས་ཧྲིལ་པོ་སྐུལ་ཁྲིད་བྱས་པ་དང་ཆབས་ཅིག    ཏང་འཛུགས་སྐྱོང་གི་དཔེ་སྟོན་ཐོན་ལས་ཡུག་སྦྲེལ་གྱིས་ང་ཚོའི་ཞིང་པའི་དུད་ཚང་ཐོན་ལས་མངག་ཉོ་བྱེད་པར་སྐུལ་ཁྲིད་བྱས་པ་རེད། གྲོང་སྡེ་རིམ་པའི་ཞིང་ཞོར་ཐོན་རྫས་ལས་སྣོན་ཞིབ་མོ་བྱས་ཏེ་ཕྱིར་འཚོང་བྱས་མཐར། ཞིང་པར་ཐོན་སྐྱེད་རྒྱུ་ཆས་ནས་ཐོབ་པའི་ཕན་འབྲས་ཡོད་པ་ཕུད་ཁ།  ཡུལ་སྐོར་བར་བརྟེན་ནས་ཐོབ་པའི་ཐེངས་གཉིས་པའི་ཕན་འབྲས་དེ་སླར་ཡང་ཁེ་སྤོགས་བགོས་ཆོག་པ་རེད། གསུམ་ནི་ཡུལ་སྐོར་བ་ལ་བརྟེན་ནས་མང་ཚོགས་ཀྱི་སྒུལ་ཤུགས་ངར་སློང་བྱ་དགོས། ད་ལོར་ཡུལ་ཤོག་ཡོངས་ཀྱི་དུད་ཚང་དབུལ་པོ་ཁྱོན་ཡོངས་ནས་ཁུངས་ཆོད་པོ་བྱས་རྗེས། དམིགས་བསལ་རང་བཞིན་དང་དུས་བཀག་རང་བཞིན་གྱི་ལག་རྩལ་འཇོན་ནུས་གསོ་སྦྱོང་བྱ་རྒྱུ་དང་། ཏང་གི་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་གསོ་སྐྱོང་དང་ཞིང་སྡེའི་སྤྱོད་གོ་ཆོད་པའི་ལག་ཤེས་མི་གསོ་སྐྱོང་བྱས་མཐར།  གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་གྲ་སྒྲིག་འཇོན་ནུས་མི་སྣའི་ནང་འཐེན་ཅི་ཐུབ་བྱས་པ་དང་ཆབས་ཅིག   ལས་ལམ་གསར་གཏོད་བྱེད་མཁན་གྱི་མི་སྣ་ཕ་ཡུལ་དུ་ལོག་ནས་ལས་ལམ་གསར་གཏོད་དང་འཕེལ་རྒྱས་གཏོང་བར་སྐུལ་སློང་བྱ་རྒྱུའི་བསམ་ཕྱོགས་བཅངས་པ་ཡིན། བཞི་ནི་ཡུལ་སྐོར་བ་ལ་བརྟེན་ནས་རིག་གནས་དང་ལུས་རྩལ་གྱི་སྒུལ་ཤུགས་གསར་པ་ངར་སློང་བྱ་དགོས། ད་ལོར་ང་ཚོའི་གྲོང་སྡེ་སོ་སོས་མང་ཚོགས་ཀྱིས་གཙོ་བོ་བྱས་པའི་མང་ཚོགས་སྒྱུ་རྩལ་ཚོགས་པ་འཛུགས་གཉེར་བྱས་པ་ཡིན། སྒྱུ་རྩལ་ཚོགས་པ་འདི་བཟའ་བཏུང་རིག་གནས་བརྒྱུད་འཛིན་དང་སྲིད་ཇུས་དྲིལ་བསྒྲགས། སྤྱི་པའི་ཞབས་ཕྱི་སྒྲུབ་སའི་ནང་ཞུགས་ནས་སྔོན་ཆད་རིག་གནས་གཞི་རིམ་དུ་སྤེལ་བའི་ལས་སྟངས་འདི་རིག་གནས་གཞི་རིམ་དུ་རྩ་བ་ཟུག་པ་བྱས་པའི་རྣམ་པ་གསར་པའི་སྒྱུ་རྩལ་ལས་སྟེགས་ཐོག་ནས་གྲོང་གསེབ་དར་རྒྱས་གཏོང་བའི་གསོན་ཤུགས་གསར་པ་མཚོན་ཅི་ཐུ་བྱ་རྒྱུ་དེ་རེད།།  


  • ལེ་ཚན་སྔོན་མ།:ཚོགས་ཆེན་གཉིས་ཀྱི་ཤེས་བྱ་སྦྱོང་།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་འབྲོག་ཁུལ་དུ་བྱམས་སྐྱོང་འཚམས་འདྲིའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།