ལོ་གསར་པར་ཁུལ་དམངས་ཆེན་གྱིས་དམངས་དོན་འདི་འདྲ་བསྒྲུབ་རྒྱུ།

སྐལ་ཐུབ་ཀྱིས་བྲིས།        2020-01-14

ལོ་གསར་པར་ཁུལ་དམངས་ཆེན་གྱིས་དམངས་དོན་འདི་འདྲ་བསྒྲུབ་རྒྱུ།

    ལོ་གསར་པར། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་དམངས་ཆེན་ལས་དོན་གྱི་མི་དམངས་རང་བཞིན་དེ་བས་ཁོང་དུ་ཆུད་པར་བྱས་ཏེ། མི་དམངས་ལ་བཅངས་པའི་བརྩེ་སེམས་མངོན་གསལ་དོད་པོས་ནན་ཏན་གྱིས་མཚོན་དགོས།

གཅིག་ནི་གཞི་རིམ་དུ་སྐྱོད་པའི་ལས་དོན་སྤེལ་སྟངས་རྒྱུན་འཁྱོངས་བྱེད་ཅིང་། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་དངོས་ཡོད་ལག་བསྟར་བྱ་དགོས་ལ། དམངས་ཆེན་ལས་དོན་དེ་མི་དམངས་ཀྱི་འཚོ་བར་དེ་བས་ཉེ་བར་བཅར་བ་དང་དམངས་ཀྱི་འདོད་བློ་དང་དེ་བས་མཐུན་པར་བྱ་དགོས། འཐུས་མི་དག་ལ་རེ་ཞུའི་འབོད་སྒྲ་ཆེ་ཞིང་སྤྱི་ཚོགས་ལ་ལྟ་སྟངས་དང་བསམ་འཆར་དྲག་པོ་ཡོད་པའི་གནད་དོན་ལ་དོ་ཁུར་དམ་པོ་བྱས་ནས་དུས་ཐོག་ལན་བསློགས་ཏེ་དམངས་ཆེན་ལས་དོན་གྱི་ལས་ཀའི་ནུས་ཚད་དང་མི་དམངས་ཀྱི་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏང་དགོས། 


ལོ་གསར་པར་ཁུལ་དམངས་ཆེན་གྱིས་དམངས་དོན་འདི་འདྲ་བསྒྲུབ་རྒྱུ།

    གཉིས་ནི་མི་དམངས་ཀྱི་ཆེད་དུ་འགན་ནུས་སྒྲུབ་པ་དང་ལྟ་སྐུལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་ལ། བྱིས་པར་སྐྱོང་མཁན་ཡོད་པ་དང་། སློབ་ལ་འཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ནད་ལ་སྨན་བཅོས་ཡོད་པ། རྒ་ལ་གསོ་མཁན་ཡོད་པ། སྡོད་ལ་ཁང་པ་ཡོད་པ། ཞན་ལ་རོགས་སྐྱོར་ཡོད་པ་བཅས་ཀྱི་ཐད་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་གསར་བ་ཡོད་པར་སྐུལ་སྤེལ་གཏང་དགོས། 


ལོ་གསར་པར་ཁུལ་དམངས་ཆེན་གྱིས་དམངས་དོན་འདི་འདྲ་བསྒྲུབ་རྒྱུ།

   གསུམ་ནི་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏང་ཞིང་། རྫོང་དང་གྲོང་ཁྱེར་གྱི་དམངས་ཆེན་སྒྲིག་གཞི་བཅོས་བསྒྱུར་བྱེད་པར་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་བྱ་དགོས་ལ། རྫོང་དང་ཡུལ་ཤོག་དམངས་ཆེན་གྱིས་མི་དམངས་མང་ཚོགས་ལ་འབྲེལ་བ་བྱེད་པ་དང་གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། བཞི་ནི་དམངས་ཆེན་གྱི་གསར་འགྱུར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨྱན་སྦྱོར་གསར་བའི་ཐབས་ལམ་བེད་སྤྱོད་འཐུས་ཚང་བྱས་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དགེ་མཚན་དང་འཐུས་མི་རྣམས་ཀྱིས་ལས་འགན་ལེགས་པོར་སྒྲུབ་པའི་བརྗིད་ཉམས་དྲིལ་བསྒྲགས་གཏང་དགོས།། 


  • ལེ་ཚན་སྔོན་མ།:“ཁང་གཉིས”ལས་དོན་སྙན་སྒྲོན་གྱི་མདོ་དོན་འདིར་ཡོད།
  • ལེ་ཚན་རྗེས་མ།:ཚོགས་ཆེན་གཉིས་ཀྱི་ཤེས་བྱ་སྦྱོང་།
  • དོ་སྣང་ཆེ་བའི་རྩོམ།