ལོ་སར་ལ་ཁུལ་སྲིད་གྲོས་ཀྱིས་དམངས་འཚོའི་ཐད་འགན་སྒྲུབ་འདི་འདྲ་བྱ།

        2020-01-13


ལོ་སར་ལ་ཁུལ་སྲིད་གྲོས་ཀྱིས་དམངས་འཚོའི་ཐད་འགན་སྒྲུབ་འདི་འདྲ་བྱ།

   ལོ་གསར་པའི་ནང་། ཁུལ་སྲིད་གྲོས་ཀྱིས་མི་གཙོ་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ལག་ལེན་བྱས་ཏེ། དམངས་འཚོར་དོ་ཁུར་དང་འགན་སྲུང་། ལེགས་བཅོས་བྱ་རྒྱུ་བཅས་འགན་ནུས་སྒྲུབ་པའི་ནང་དོན་གལ་ཆེན་དུ་བཞག་ཅིང་། དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ཁྲོད་དུ་ཞུགས་པ་དང་ཟུང་འབྲེལ་བྱས་ནས། བྱེད་ཐབས་དང་རྣམ་པ་སྣ་མང་གིས་མི་དམངས་མང་ཚོགས་ཀྱི་དངོས་ཡོད་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུ་རེད། གཅིག་ནི་གཞི་རིམ་གྱི་གནས་ཚུལ་ཞིབ་དཔྱད་དངོས་སུ་བྱ་རྒྱུ་སྟེ། གཞི་རིམ་དུ་ཕྱིན་ནས་དམངས་སེམས་དང་དམངས་ཀྱི་འདོད་བློ་རྒྱུས་ལོན་བྱེད་ཅིང་དམངས་ཚུལ་ཞིབ་དཔྱད་དངོས་སུ་བྱེད་པ་དང་། དབུལ་ཐར་འགག་སྒྲོལ་སྐོར་གྱི“དབུལ་ཐར་མི་བྱེད་པ་གསུམ”དང“དབུལ་ཞྭ་མི་ཕུད་པ་བཞི”ལྟ་སྐུལ་ལག་ལེན་བྱེད་ཅིང་། དབུལ་ཐར་གྱི་ཡུན་ཕན་ནང་སྲོལ་བརྟན་པོ་ཞིག་བཙུགས་ནས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། ཨུ་ཡོན་གྱིས་གྲོས་འཆར་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློའི་ཆ་འཕྲིན་བརྒྱུད་ནས་མང་ཚོགས་ཀྱི་ཞུ་གཏུག་དང་རེ་བ་ཡར་ཞུ་བྱས་ཏེ། ཏང་ཨུ་དང་སྲིད་གཞུང་གིས་ཐབས་ཇུས་བཀོད་སྒྲིག་མང་ཚོགས་ཀྱི་རེ་འདུན་དང་དེ་བས་མཐུན་ཐུབ་པ་སྐུལ་སྤེལ་གང་ཐུབ་བྱ་དགོས། 


ལོ་སར་ལ་ཁུལ་སྲིད་གྲོས་ཀྱིས་དམངས་འཚོའི་ཐད་འགན་སྒྲུབ་འདི་འདྲ་བྱ།

   གཉིས་ནི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་དོ་ཁུར་བྱ་རྒྱུ་སྟེ། དམངས་ཕན་ལས་གྲྭ10དང་དམངས་ཕན་དོན་དངོས28དང་།  དེ་བཞིན་བོད་ཁུལ་གྱི་དམངས་ཕན་ལས་གྲྭའི་འཆར་གཞི་དྲུག་སོགས་ལ་དམིགས་ནས། བསྒྲུབ་གཞི་ཞིབ་ཕྲ་བདམས་ནས་རྟོག་ཞིབ་ཇུས་འབུལ་དང་སྐོར་ཞིབ་ལྟ་སྐོར་བྱ་དགོས། དམངས་ཕན་ཡོང་འཕར་དང་། སྐྱེ་ཁམས་ཁོར་སྲུང་། སྤྱི་པའི་ཞབས་ཞུ་སོགས་ལ་དམ་པོར་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་ཅིང་། དམངས་ཕན་གྱི་སྲིད་ཇུས་རག་ཐབས་དང་དམངས་ཕན་གྱི་ཐབས་ཇུས་འབུལ་བ། དམངས་ཕན་གྱི་བྱ་སྤྱོད་སྤེལ་བ་བཅས་བྱས་ནས། རྒྱ་ཆེ་བའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་དེ་བས་ཆེ་རུ་གཏང་དགོས། གསུམ་ནི་དམངས་ཀྱི་དཀའ་ངལ་སེལ་དགོས་པ་སྟེ། དབུལ་སྐྱོར་གནད་སྨིན་ཁྲོད་དུ་ཧུར་ཐག་གིས་ཞུགས་པ་དང་། ངས་དབུལ་སྐྱོར་འགག་སྒྲོལ་ལ་བྱ་བ་ཞིག་སྒྲུབ་ཅེས་པའི་བྱེད་སྒོ་མུ་མཐུད་དེ་སྤེལ་ནས། མང་ཚོགས་ཀྱི་ཛ་དྲག་ཆེ་བ་དང་། སེམས་ཁྲལ་ཆེ་བ། རེ་སྒུག་བྱེད་བཞིན་པའི་དོན་དག་དམ་འཛིན་བྱེད་པ་དང་། གཞི་རིམ་དུ་བསྐྱོད་ནས་བྱམས་སྐྱོང་བྱེད་སྒོ་རྒྱུན་ལྡན་སྤེལ་ཞིང་། བརྩེ་སེམས་དང་ནུས་ཤུགས་ཡོད་ཚད་ཕུལ་ནས་མང་ཚོགས་ཀྱི་ཆེད་དུ་དཀའ་གནད་སེལ་བ་དང་། དོན་དངོས་དང་དོན་བཟང་ཡག་པོ་བསྒྲུབ་དགོས་སོ།། 


  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་དང་བྱང་ཆུབ་ཀྱིས་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་ཞུས།
  • ལེ་ཚན་རྗེས་མ།:གསར་འགྱུར་བརྒྱུད་ལམ་ནས་ཨུ་ཡོན་གྱི་སྙིང་གཏམ་བསྒྲགས།
  • དོ་སྣང་ཆེ་བའི་རྩོམ།