རླུང་བུ་ལྡང་ཕྱོགས་ཀྱིས།

སྦྲ་དུངས་སེམས།        2020-01-09

ཁྱོད་ཀྱི་སྒེའུ་ཁུང་།

མུན་པའི་དབུས་སུ་གསལ་ལྷང་ངེར་འཛུམ།

ངས་ཁྱོད་ཀྱི་སྒེའུ་ཁུང་ཕྱོགས་སུ།

ཡོད་པའི་མུན་པ་དེ་ཡིན་ན་བསམ།


ཡིན་ན་ཡང་།

ལས་དབང་ཟེར་བ་དེ།

ནམ་རྒྱུན་ང་ཡི་ཁ་གཏད་དུ་འགྲེངས་ཏེ།

སྐོར་ལོག་རྐྱང་རྐྱང་བྱེད།

དེའི་ཕྱིར།

ངས་མང་ཆུའི་འགྲམ་ངོགས་ན།

སྙིང་གི་དཀྱིལ་ན།

འཕར་ལྡིང་བྱེད་བཞིན་པའི་ཐ་སྙད་རེ་རེ།

རང་ནུས་ཡོད་ཚད་ཀྱིས་བདག་པོ་རྒྱག་

བཞིན་ཡོད།

གལ་ཏེ། རླུང་བུ་ལྡང་ཕྱོགས་ཀྱིས།

ང་ཡི་ཐ་སྙད་འདི་དག

ཁྱོད་ཀྱི་མིག་ཟུང་གིས་མཐོང་བར་གྱུར་ན།

ང་ལ་ལེ་བདའ་དང་འཁང་ར་མ་བྱེད་རོགས།

རྒྱུ་མཚན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།



  • ལེ་ཚན་སྔོན་མ།:སེམས་ཀྱི་རི་དྭགས་འདྲོགས་པ།
  • ལེ་ཚན་རྗེས་མ།:སྙན་ངག་ལྷ་མོ།