ཀན་ལྷོས་ཏུན་ཆིག་སྟོང་ཟིན་པའི་གསེར་གྱི་རྟེན་གཞི་བསྐྲུན་རྒྱུ།

        2020-01-09

    ཀྲུང་གོའི་གསེར་གྱི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། ཀྲུང་གོའི་གཏེར་རྫས་ཐོན་ཁུངས་དང་རྒྱུ་ཆའི་ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་ཚོགས་ཆེན་གྱི་གཏེར་ཁ་འཚོལ་ཞིབ་སྐོར་གྱི་ཡན་ལག་གླེང་སྟེགས་ཐོག ཀན་སུའུ་ཞིང་ཆེན་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུས་ཀྱིས་དགེ་རྒན་ཆེ་མོ་མཐོ་རིམ་ལག་རྩལ་ཆེ་མོ་བ་ལིའུ་ཅན་ཧུང་གིས་གསེར་གྱི་ཐོན་ཁུངས་ཀྱི་འདུས་ཚད་ཧྲན་ཏུང་ཕུད་རྗེས་རྒྱལ་ཡོངས་ཀྱི་ཨང་གཉིས་པ་ཡིན་པའི་ཀན་སུའུ་ཡིས། ཀན་ལྷོ་ས་ཁུལ་དུ་ཏུན་ཆིག་སྟོང་ཟིན་པའི་གསེར་གྱི་རྟེན་གཞི་བསྐྲུན་རྒྱུ་རེད་ཅེས་བརྗོད་པ་རེད། ལིའུ་ཅན་ཧུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཆིན་ལིང་ནུབ་མའི་ས་ཁུལ་ལ་གསེར་གྱི་གཏེར་ཁ་འཚོལ་བའི་མདུན་ལམ་ཡངས་པོ་ལྡན་ཡིན་པ་རེད།


  • ལེ་ཚན་སྔོན་མ།:རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཀྱི་ཚིག་མཛོད་འགྲེམས་སྤེལ་བྱས།
  • ལེ་ཚན་རྗེས་མ།:འབྲིང་རིམ་ལས་རིགས་སློབ་གསོ་སྤེལ་ནས་སི་ཁྲོན་གྱི་ཞིང་འབྲོག་པའི་བུ་ཕྲུག་ཁྲི8ལྷག་ལ་དངོས་ཕན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།