ལམ་གྱི་སྔ་གཞུག་ཏུ།

འོད་དུངས་བུ།        2020-01-08

དབུགས་ངལ་ཡང་གསོ་བའི་ཁོམ་ལོང་མེད་པར།

ལྡེམ་ཤུགས་རྒོད་པའི་སྟོང་བསམ་གྱི་ནང་དུ།

ངས་མེ་ཏོག་རྐང་གཅིག་བཏབ་པ།

སྐྱེ་བ་འདིའི་ཚེ་ཡི་མཐའ་མར་ད་དུང་ཡང་གསོན་ཤུགས་

ལྡན་པའི་ངང་།

མི་ཡུལ་གྱི་ཞོགས་པར་མཁའ་རླུང་གཙང་མ་རྔུབ།


ཁྱི་གུ་ཞིག་གམ་དུ་ལུས་ཤིང་དེ་ཡི་རྣམ་རིག་རྒོད་པོས།

མུན་མག་གི་གཏམ་རྒྱུད་ལ་འཆར་ཡན་གཏོང་མཚམས་བཅད།

ང་ཡི་ལག་པས་བསྙབས་པའི་ལམ་དུ།

ཁྱེད་ཀྱི་ལུས་པོ་མཚམས་མེད་པར་འགུལ།


ངས་ཁྱེད་རང་མཐོང་མ་ཐག་ཏུ་རྒྱང་རིང་བར་འཁྲུལ་ནའང་།

བསླུ་བྲིད་ཀྱི་མཛེས་སྡུག་གིས་འཇིག་རྟེན་གཅིག་ཏུ་བསྡུས།

ད་ལྟ་ང་རང་ཐང་ཆད་ལ་ཉེ་མོད།

ཉག་ག་ནས་ཚུར་མངོན་ཡོང་བ་ནི་འཆར་ཡན་ཁྲོད་ཀྱི་ཁྱེད་

རང་ཡིན་པར་བཏང་།


གལ་སྲིད་ངེད་གཉིས་མཉམ་པོར་རྐང་ཐང་དུ།

མི་ཚེའི་ལམ་བུ་ཕྲ་མོ་གཏམ་རྒྱུད་ཀྱིས་བྲི་བའི་སྐལ་བ་ལྡན་ཚེ།

ངས་ཁྱེད་ཀྱི་ཕྱོགས་སུ་ཡིག་འབྲུ་ཁྲི་སྟོང་གིས་ཕྲ་བཏབ་པའི་མོ་

ཊ་བཏང་སྟེ།

འུ་གཉིས་མཉམ་དུ་སྐར་ཚོགས་ཀྱི་ཡང་སྟེང་ནས་ལྷིང་

འཇགས་ངང་མཚན་ལྗོངས་རོལ་བར་བྱ།           


  • ལེ་ཚན་སྔོན་མ།:དྲན་པའི་དུང་བ།
  • ལེ་ཚན་རྗེས་མ།:སེམས་ཀྱི་རི་དྭགས་འདྲོགས་པ།