ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཐེངས་སོ་གཅིག་པའི་ཀྲུའུ་ཞིའི་ཚོགས་འདུར་གཙོ་སྐྱོང་བྱས་བ།

མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2019-12-19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་སོ་གཅིག་པ་ཚེས17ཉིན་པེ་ཅིང་དུ་འཚོགས། ཚོགས་ཐོག་ཏུ་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ལས་དོན་ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་རེད། དེ་ནི་ཉམས་མྱོང་ཕྱོགས་སྡོམ་དང་། དུས་བབ་དབྱེ་ཞིབ། ལས་འགན་ཁ་གསལ། འབད་འབུངས་ཡར་བརྩོན་བཅས་ཀྱི་ཚོགས་འདུ་གལ་ཆེན་ཞིག་རེད། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་བློ་མཐུན་ཞི་ཅིན་ཕིང་ལྟེ་བ་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་དང་བྱ་བའི་བཀོད་སྒྲིག་གི་བླང་བྱ་དང་གཅིག་གྱུར་ཏན་ཏིག་བྱས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གནས་བབ་ཆེན་པོ་ལ་དམ་པོར་དམིགས་པ་དང་། ནན་ཏན་སྒོས་གྲོས་མོལ་སྲིད་གླེང་དང་ལྟ་ཞིབ་རྟོག་ཞིབ་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་། ཐབས་འདོན་སྲིད་སྐྱོང་དང་ངོས་འཛིན་གཅིག་མཐུན་ཡོང་བའི་ཕྱོགས་གཉིས་ནས་ཤུགས་སྣོན་པ་རྒྱུན་འཁྱོངས་བཅས་བྱས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་གྲུབ་དང་“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལེགས་པར་འགྲུབ་པར་ཁག་ཐེག་བྱ་ཆེད་བྱས་རྗེས་འཇོག་དགོས།

ཝང་དབྱང་གིས 2020ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན་པས་མི་དམངས་སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམིགས་ནས་རང་འགན་གཙང་སྒྲུབ་བྱེད་དགོས། ཀྲུའུ་ཞི་ཚོགས་འདུ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི“བཀོད་འདོམས་པུའུ”ཞིག་ཡིན་པའི་ངོས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱིས་སྣེ་ཁྲིད་དང་། ལས་ཀའི་མཛུབ་ཁྲིད། དཔེ་སྟོན་སྣེ་ཁྲིད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་རྒྱག་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོས་མོལ་སྲིད་གླེང་གི་བྱེད་སྒོ་ནང་ཧུར་ཐག་སྒོས་ཞུགས་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སྔར་ལས་ལྷག་པར་མི་དམངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་གྱི་སྒྲིག་གཞི་ནུས་པ་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་དང་། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་བཅས་ཀྱི་བྱ་བའི་སྙན་ཞུ་ལ་གསན། ཝང་དབྱང་གིས་ཀྲུའུ་ཞིའི་ཚོགས་འདུའི་ཐོག་ལས་ཀའི་འགན་ནུས་སྒྲུབ་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པའི་ངོས་ནས་ད་ལོའི་ཚུན་དུ་ཀྲུའུ་ཞིའི་ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཚོགས་བཅུ་ཡི་བྱ་བའི་སྙན་ཞུ་ཁག་ལ་སོ་སོར་གསན་པ་རེད། བཀོད་སྒྲིག་འདི་དངོས་གནས་ཕན་ནུས་ལྡན་ཞིང་ཆེད་དོན་ཨུ་ཡོན་ལྷན་ཚོགས་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད། ཆེད་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་ལམ་ལུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་ལས་ཀའི་སྤུས་ཚད་མཐོ་རུ་བཏང་ནས་གྲུབ་འབྲས་གསར་པ་ཐོབ་པ་དང་ཡར་རྒྱས་གསར་པ་ཡོང་བར་བརྩོན་ལེན་བྱེད་དགོས།

 ཚོགས་འདུའི་ཐོག2019ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་གཙོ་གནད་རིགས་སྒྲུབ་པར་སྐུལ་སྤེལ་བྱས་ཚུལ་གྱི་སྙན་ཞུ་ལ་གསན་པ་དང་། རྒྱལ་ཡོངས་སྲིད་གྲོས2020ལོའི་གྲོས་མོལ་འཆར་གཞི་དང་། གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ། རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བཅས་ཀྱི་བྱ་བའི་བཀོད་སྒྲིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་གྲོས་རིམ(འཆར་ཟིན)དང་ཉིན་རེའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སང་ལོའི་ཟླ2ཚེས28ཉིན་ནས་ཚེས29ཉིན་བར་པེ་ཅིན་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བ་འཚོགས་རྒྱུ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྒྱུར་གྲ་སྒྲིག་བྱ་རྒྱུའི་ཐག་བཅད་པ་རེད།

ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པའི་མཚན་ཐོ(འཆར་ཟིན)དང་གསར་འགྱུར་མགྲིན་ཚབ་པའི་མཚན་ཐོ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀའོ་ཝུའེ་མིང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གསར་འགྱུར་མགྲིན་ཚབ་པར་གཏན་འཁེལ་བྱས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས་པའི་ཞ་པའོ་ལུང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་། ལིའུ་ཆི་པའོ། ཏུང་ཅན་ཧྭ། བན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝེ། ཁྲེན་ཞའོ་ཀོང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། །



  • ལེ་ཚན་སྔོན་མ།:ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་ལས་རིགས་ཀྱི་ལོ་གསར་མཐུན་འབྲེལ་འདུ་ཚོགས་བསྡུས།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་དགེ་རྒན་སྐོར་ལ་ཡིག་ཆ་འདི་འདྲ་བཀྲམ་འདུག
  • དོ་སྣང་ཆེ་བའི་རྩོམ།