ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་ལས་རིགས་ཀྱི་ལོ་གསར་མཐུན་འབྲེལ་འདུ་ཚོགས་བསྡུས།

རིག་འཛིན་ལྷ་མོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2019-12-19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་པེ་ཅིང་དུ2020ལོའི་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་ལས་རིགས་ཀྱི་ལོ་གསར་མཐུན་འབྲེལ་འདུ་ཚོགས་འཚོགས། ཀྲུང་དབྱང་དང་རྒྱལ་སའི་གསར་འགྱུར་སྡེ་ཁག་གཙོ་བོ་དག་དང་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུ་ཡི་འགན་ཁུར་བ། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་ཁག་ཅིག་མཐུན་འབྲེལ་བྱེད་སྒོར་ཞུགས་ནས་ཚང་མས་ཕན་ཚུན་ལ་འཚམས་འདྲི་དང་མཛའ་མཐུན་བགྲོ་གླེང་བྱས།  

ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཡན་ནུང་གིས་ཤིས་ཚིག་གནང་སྐབས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་གསར་འགོད་པ་ཚོས་གསར་འགྱུར་པའི་དད་སེམས་དང་འགན་འཁྲི་ཁུར་ཞིང་། བློ་སྟོབས་ཆེན་པོས་སྨྱུ་གུ་དང་པར་ཆས་ལ་བརྟེན་ནས་འཇིག་རྟེན་གྱི་བྱ་བར་དཔྱད་རྟོགས་གནང་བ་དང་ངོ་མཚར་ཆེ་བའི་སྐད་ཅིག་མ་མྱུར་འཛིན་བྱས་ལ། སྤྱི་ཚོགས་ཀྱི་འགྱུར་ལྡོག་པུར་གྱིས་བྲིས་ཤིང་དུས་རབས་ཀྱི་འཕོ་འགྱུར་ཟིན་ཐོར་བཀོད་ཡོད། ཁྱེད་ཚོའི་བྱས་རྗེས་དང་འབད་བརྩོན་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ལོ་གཅིག་རིང་ཁྱེད་ཚོར་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན། 

“2020ལོ་ནི་འགག་རྩའི་དུས་མཚམས་ཤིག་ཡིན་པས། ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ནི་ཀྲུང་གོ་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་རེད། ཀྲུང་གོའི་སྒོ་མོ་སྔར་བས་ཆེ་བར་དབྱེ་ནས་འཕེལ་རྒྱས་ཀྱི་གོ་སྐབས་དམ་པོར་འཛིན་རྒྱུ་དང་། རྒྱལ་ཁབ་སོ་སོ་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་རྒྱལ་ཁབ་དང་མང་ཚོགས་སྔར་བས་མང་པོར་ཕན་ཁེ་བསྐྲུན་རྒྱུ་ཡིན”ཞེས་ཀྲང་ཡན་ནུང་གིས་གསུངས། ལོ་གསར་པའི་ནང་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཞབས་ཕྱི་གང་ལེགས་ཞུས་ནས་ཚང་མར་བཅར་འདྲི་དང་གསར་འགྱུར་སྤེལ་བར་སྟབས་བདེ་གང་མང་བསྐྲུན་ཏེ་བློ་ཡིད་ཚིམ་པའི“གསར་འགོད་པའི་ཁྱིམ་གཞིས”ཧུར་ཐག་ངང་བསྐྲུན་རྒྱུ་རེད།  །


  • ལེ་ཚན་སྔོན་མ།:ནགས་ཕག་མཚོར་དགུན་དུས་བྱ་ལ་ལྟ་བའི་དུས་ཡག་ཤོས་ཤར་བ།
  • ལེ་ཚན་རྗེས་མ།:ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཐེངས་སོ་གཅིག་པའི་ཀྲུའུ་ཞིའི་ཚོགས་འདུར་གཙོ་སྐྱོང་བྱས་བ།
  • དོ་སྣང་ཆེ་བའི་རྩོམ།