ཁུལ་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2017-01-17

ཟླ་བ་དང་པོའི་ཚེས10ཉིན་གྱི་སྔ་དྲོར་ཁུལ་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས་པ་རེད།  གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་ལེན་བྱས་པ་དང་། རང་ཁུལ་གྱི2016ལོའི་དཔལ་འབྱོར་ལས་ཀར་ཕྱོགས་བསྡོམས་བྱས་ཤིང་།དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་ཁུལ་ཡོངས་ཀྱི་ད་ལོའི་དཔལ་འབྱོར་ལས་ཀ་བཀོད་སྒྲིག་བྱས་པ་རེད།  ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཕེབས་ནས་གསུང་བཤད་གལ་ཆེན་གནང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་མཛད་པ་རེད།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་དང་ཁུལ་གྱི་འགོ་ཁྲིད་ལི་ཅང་དང་ཧྲེང་དབྱང་།ཀྲང་ཕིང་ཧྲེང་། ཀྲའོ་པོ། ལི་ཞིན་ཝུན། ཚུའེ་ཡུས་ཧྥུང་།ལིའུ་ཅི་ཞང་། ཐན་ཞའོ་ཀྲེན། ཧྲུའུ་ཏ་ཁྲུན། སྐལ་བཟང་སོགས་གྲོས་ཚོགས་ནང་ཞུགས་ཡོད།

ལིའུ་ཁྲེང་མིང་གིས་གསུང་བཤད་ནང་བསྟན་དོན། སློབ་སྦྱོང་ནན་ཏན་དང་གོ་བ་ཡང་དག་པ་ལོན་པ་བྱས་ནས་ཏན་ཏིག་གིས་བསམ་བློ་དང་བྱ་སྤྱོད་དེ་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་ཐོག་གཅིག་གྱུར་ཡོང་བ་བྱ་དགོས།གནས་བབ་གསལ་རྟོགས་དང་དུས་གནས་གནད་ལ་ཁེལ་བ།ཚན་རིག་དང་མཐུན་པའི་སྒོ་ནས་2017ལོའི་དཔལ་འབྱོར་ལས་ཀའི་སྤྱིའི་བླང་བྱ་དང་འབད་འཐབ་དམིགས་ཡུལ་ཇུས་འགོད་བྱ་དགོས།

ཁོང་གིས་ཐུགས་རེ་གནང་དོན། ནུས་ཤུགས་ཡོད་རྒུས་དངོས་འཛིན་དངོས་སྒྲུབ་བྱས་ནས་2017ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་ལས་ཀ་ཡག་མོ་ཏན་ཏིག་བསྒྲུབ་དགོས།  གཅིག་ནི་དབུལ་ཐར་འགག་སྒྲོལ་གྱིས་གཅིག་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཞིང་ལས་དང་ཞིང་སྡེའི་ལས་ཀ་དེ་སྐས་རིམ་གསར་པའི་ཐོག་སླེབས་པ་བྱ་དགོས།  གཉིས་ནི་མ་རྩ་གཏོང་འཇོག་ནན་འཛིན་བྱ་རྒྱུས་གཙོ་གནད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་འཕར་སྣོན་ཡོང་བའི་རྒྱབ་རྟེན་གསར་པ་ཆགས་པ་བྱ་དགོས། གསུམ་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱིས་སྒུལ་ཤུགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་འཕར་སྣོན་ཡོང་བའི་བཟང་ཆ་གསར་པ་ཆགས་པ་བྱ་དགོས། བཞི་ནི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུས་གཙོ་ཕྱོགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱུན་ཆད་མེད་པར་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་གཏང་དགོས། ལྔ་ནི་གྲོང་རྡལ་དང་གྲོང་གསེབ་ཇེ་ཡག་གཏང་རྒྱུའི་འཐབ་ཇུས་ཀྱིས་གཞི་རྟེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རྣམ་པ་གསར་པའི་གྲོང་རྡལ་ཅན་ལ་སྐུལ་འདེད་མགྱོགས་སུ་གཏང་དགོས། དྲུག་ནི་སྤྱོད་ཚུལ་ལེགས་སུ་བསྒྱུར་ནས་དོན་འཁྱོལ་ནན་འཛིན་བྱས་ཏེ་ཏན་ཏིག་གིས་ཏང་གིས་དཔལ་འབྱོར་ལས་ཀར་འགོ་ཁྲིད་བྱ་རྒྱུ་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས།

ཞའོ་ཡིའུ་ཚའེ་ཡིས་ནུས་ཤུགས་ཡོད་རྒུས་ཐོན་ལས་ཆགས་ཚུལ་ལེགས་སྒྲིག་ཆེན་པོ་བྱ་རྒྱུར་ཡག་མོ་འཛིན་པ་དང་ལས་གཞི་གོང་ཞུ་ལེགས་སྒྲིག་ཆེན་པོ། ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་གཏོང་བ། བཟོ་ལས་ལ་བརྟེན་ནས་ཁུལ་སྟོབས་འབྱོར་ལྡན་པ་ཡོང་བའི་འཐབ་ཇུས། དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འགག་སྒྲོལ་ཆེན་པོ། ཕྱིར་ཕྱོགས་སྒོ་འབྱེད་ཚོང་འགུགས་ཆེན་པོ་བྱེད་པ་བཅས་ཕྱོགས་དྲུག་གི་ཐད་ལ་ལེགས་འཛིན་བྱ་རྒྱུ་དང་། ཅི་འདྲ་བྱས་ནས་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དང་ད་ལོའི་དཔལ་འབྱོར་ལས་ཀ་ཡག་མོ་འཛིན་རྒྱུའི་ཐད་ལ་བླང་བྱ་ཞིབ་ཕྲ་བཏོན་པ་རེད།ཚོགས་འདུའི་ཐོག་རྫོངགྲོང་ཁྱེརཁག་སོ་སོས་ད་དུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་དང་དམིགས་འབེན་འགན་འཁྲིའི་ཡི་གེ་འཇོག་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཏང་འཛུགས་འགན་འཁྲི་དོན་འཁྱོལ་བྱས་པའི་ལས་འགན་བསྒྲུབས་ཚུལ་གྱི་དཔྱད་མོལ་ཚོགས་ཆེན་འཚོགས།
  • ལེ་ཚན་རྗེས་མ།:༢༠༡༦ལོར་རྟའུ་རྫོང་ལ་མི༡༧༡༤དབུལ་ཐར་བྱུང་ནས་གྲོང་སྡེ༡༧གྱི་དབུལ་ཕོངས་ཞྭ་མོ་ཕུད།
  • དོ་སྣང་ཆེ་བའི་རྩོམ།