2020ལོའི་མཐོ་སློབ་དཀྱུས་མའི་དམིགས་བསལ་རིགས་ཀྱི་སློབ་བསྡུའི་ལས་དོན་ནན་དུ་གཏོང་རྒྱུ་ཡིན་པ།

    མི་དམངས་དྲ་བ།    2019-12-13

 ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། 2020ལོའི་མཐོ་སློབ་དཀྱུས་མའི་དམིགས་བསལ་རིགས་ཀྱི་སློབ་བསྡུའི་ལས་དོན་སྔ་རྗེས་སུ་སྤེལ་འགོ་ཚུགས་པ་རེད། སློབ་གསོ་པུས་ཐོབ་ཐང་ཞིབ་བཤེར་དང་། ཡིག་རྒྱུགས་ཐོ་འགོད། རྒྱུགས་དོན་དོ་དམ་སོགས་ཀྱི་ཕྱོགས་ཁག་ལ་བླང་བྱ་ནན་པོ་བཏོན་ཡོད། ཉེ་བའི་ལོ་ཤས་ནང་། སློབ་གསོ་པུས་དམིགས་བསལ་རིགས་ཀྱི་སློབ་བསྡུའི་ལས་དོན་ལ་ཚད་གཞི་ནན་པོ་བཟོས་ནས་སློབ་བསྡུའི་ལས་དོན་ཡག་པོ་སྤེལ་ཐུབ་པ་བྱས་ཡོད།
     སློབ་གསོ་པུས་མཐོ་སློབ་ཁག་ལ་དམིགས་བསལ་རིགས་ཀྱི་སློབ་བསྡུའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སློབ་གྲྭ་དེ་གའི་མིང་འགོད་རྒྱུགས་སྤྲོད་ཀྱི་ཞིབ་ཕྲའི་ཆ་རྐྱེན་དང་ཐོབ་ཐང་ཞིབ་བཤེར་གྱི་གོ་རིམ་ལུགས་མཐུན་ངང་གཏན་འཁེལ་བྱེད་པ་དང་སྦྲགས། ཞིབ་བཤེར་བྱས་འབྲས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཧོ་པེ་སོགས་ཞིང་ཆེན་ དང་གྲོང་ཁྱེར་10རུ་བཅའ་སྡོད་བྱས་ཏེ“གནད་སྨིན་ལྟ་སྐུལ་མཛུབ་ཁྲིད”བྱས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱི་“མཐོ་སྒང་གི་མཆོག་ནོར”ཧྲེན་ཀྲེང་དུ་སྟོན་པ།
  • དོ་སྣང་ཆེ་བའི་རྩོམ།