དབྱི་ལི་ཡིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་།

        2017-01-13

གསར་འགོད་པས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ཟླ་དང་པོའི་ཚེས་དགུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་140པར་འཚོགས་གཙོ་སྐྱོང་གནང་ནས། གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་གྱི་དོ་དམ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་སྟེ། སི་ཁྲོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་དང་རིག་གནས་འཕེལ་རྒྱས། སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བ་སོགས་ཀྱི་འཆར་འགོད་ལ་གཞི་རྩའི་ཐོག་གྲོས་འཆམ་བྱུང་།
        གྲོས་ཚོགས་ཐོག་སི་ཁྲོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་དོ་དམ་བྱེད་ཐབས་ཀྱི་འཆར་ཟིན་ཞེས་པར་གཞི་རྩའི་ཐོག་གྲོས་འཆམ་བྱུང་སྟེ། ས་གནས་འདེམས་པར་འཆར་འགོད་དང་རྩད་ཞིབ་ཇུས་འགོད། འཛུགས་སྐྲུན་ཨར་ལས། ལག་རྩལ་གྱི་རྒྱབ་སྐྱོར། ཨར་ལས་ལེགས་འགྲུབ་དང་ཞིབ་བཤེར་རྩིས་ལེན་སོགས་ཀྱི་རིམ་པ་བརྒྱུད་ནས་གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་བྱེད་པ་ཚད་ལྡན་ཅན་དུ་གཏང་དགོས་པ་དང་། དེ་མིན་ཤང་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་གིས་གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་དང་སྐོར་ཞིབ་ལམ་ལུགས་འཛུགས་པ་དང་། རྫོང་རིམ་པ་ཡན་གྱི་ས་གནས་སྲིད་གཞུང་གིས་གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་དོ་དམ་བྱེད་པའི་ལམ་ལུགས་དང་ལྟ་སྐུལ་དོ་དམ་གྱི་མ་ལག་འཐུས་ཚང་དུ་བཏང་ཐོག རྣམ་གྲངས་སོ་སོའི་བདེ་འཇགས་ཚད་གཞིར་གཟབ་ནན་གྱིས་ལག་བསྟར་བྱས་ནས། གྲོང་གསེབ་ཀྱི་སྡོད་ཁང་སྤུས་ཀའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།
        ཚོགས་ཐོག་ཏུ་སི་ཁྲོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད་ཅེས་པར་གཞི་རྩའི་ཐོག་གྲོས་འཆམ་བྱུང་སྟེ། སྤྱི་ལོ་2020ལོར་སླེབས་སྐབས་རྒྱལ་ཁབ་ཀྱི་ཐབས་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བའི་གཅིག་བསྡུས་ས་ཁུལ་དང་རྒྱལ་ཡོངས་ཀྱི་ཐོན་ལས་གསར་སྐྲུན་འཕེལ་རྒྱས་དང་གཞན་སྒྱུར་རིམ་འཕར་ས་ཁུལ་གྱི་འཕེལ་རྒྱས་དམིགས་ཡུལ་བཏོན་ནས། དུས་སྐབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། རྩེར་སོན་སྒྲིག་ཆས། གྲངས་ཀའི་གསར་རྩོམ་སོགས་གཙོ་གནད་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་གཙོ་གནད་བཟོ་སྐྲུན། བར་སྟོང་བཀོད་སྒྲིག་སོགས་གསལ་པོར་བྱས།
        ཚོགས་ཐོག་ཏུ་སི་ཁྲོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིག་གནས་འཕེལ་རྒྱས་ཀྱི་འཆར་འགོད་ཅེས་པར་གཞི་རྩའི་ཐོག་གྲོས་འཆམ་བྱུང་རིག་གནས་ཀྱི་དབུལ་སྐྱོར་དང་།ལེགས་ཆ་གསོ་སྐྱོང་། མི་འདང་ས་ཁ་གསབ་སོགས་གཙོ་གནད་ཆེན་པོ་གསུམ་གསལ་བོར་བྱས་ནས། སྒྱུ་རྩལ་གསར་རྩོམ་དང་དེང་རབས་ཅན་གྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ། རིག་གནས་ཐོན་ལས་ཀྱི་དངོས་ཤུགས་དང་འགྲན་རྩོད་ནུས་པ་སོགས་འགན་འཁྲི་གཙོ་བོར་ཤུགས་སྣོན་བྱ་དགོས་ཞེས་བཏོན།། 


  • ལེ་ཚན་སྔོན་མ།:མཚོ་སྔོན་ཉིན་རེའི་ཚགས་པར་ལ་གསེར་གྱི་ལྕགས་རི་སྨྱན་བྱད་བྱ་དགའ་སྟེ2016ལོའི་ཏང་གི་ཚགས་པར་ཆེན་མོ་བཅུའི་མཚན་སྙན་ཐོབ།
  • ལེ་ཚན་རྗེས་མ།:ཞིང་ཆེན་དང་ཁུལ་གྱི་འཚམས་འདྲི་ཚོགས་པས་རང་ཁུལ་གྱི་བཅའ་སྡོད་དམག་དཔུང་གི་དཔོན་དམག་ལ་འཚམས་འདྲི་གནང་།
  • དོ་སྣང་ཆེ་བའི་རྩོམ།