ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས་ཞལ་འདེབས་དང་ལེན་ཞུ་བའི་མཛད་སྒོ་འཚོགས་པ།

    བོད་ལྗོངས་ཉིན་རེའི་ཚགས་པར།    2017-01-12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1ཚེས9ཉིན་གྱི་ཕྱི་དྲོར། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས་ཞལ་འདེབས་དང་ལེན་ཞུ་བའི་མཛད་སྒོ་འཚོགས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་རྒྱུན་ལས་ཚོགས་གཙོ་གཞོན་པ་བསོད་ནམས་རིག་འཛིན་གྱིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞལ་འདེབས་དང་ལེན་ཞུ་བའི་མཛད་སྒོ་སྤེལ་རིང་ཀྲུང་གོ་ནང་བསྟན་མཐུན་ཚོགས་དགེ་སྒྲུབ་ཨུ་ཡོན་ལྷན་ཁང་དང་། ནང་བསྟན་དགོན་བརྒྱའི་ཐེབས་རྩའི་དགེ་སྒྲུབ་མཐུན་ཚོགས། ཧྲང་ཧའེ་ཅིང་ཨན་དགོན་པ་བཅས་ཀྱིས་རང་ལྗོངས་ཀྱི“4·25”ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་དགོན་སྡེ་དང་འཚོ་བར་དཀའ་ངལ་ཡོད་པའི་གྲྭ་བཙུན་ལ་བསྡོམས་སྒོར་ཁྲི245རི་བའི་བྱ་སྤུའི་སྟོད་ཐུང5000སྤྲད་པ་དང་། སྤྲུལ་སྐུ་སྟག་བྲག་བསྟན་འཛིན་དགེ་ལེགས་ཀྱིས་རོགས་སྐྱོར་ཐོབ་པའི་དགོན་སྡེ་དང་གྲྭ་བཙུན་གྱི་ཚབ་ཞུས་ཏེ་ཞལ་འདེབས་དང་ལེན་ཞུས་པ་དང་འབྲེལ་ཞལ་འདེབས་འབུལ་མཁན་ལ་ཐུགས་རྗེ་ཆེ་ཞུས་པ་རེད།རོགས་སྐྱོར་ཐོབ་པའི་གྲྭ་དམངས་ཀྱིས་ད་ཐེངས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་རང་ལྗོངས་ཀྱི་གནོད་འཚེ་ཕོག་པའི་དགོན་སྡེ་དང་དཀའ་ངལ་ཡོད་པའི་གྲྭ་བཙུན་ལ་གྱོན་གོས་ཞལ་འདེབས་ཕུལ་བ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གང་ལེགས་མཚོན་ཡོད། 

ང་ཚོས་ཏང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་གཅེས་སེམས་དེ་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་བའི་སྒུལ་ཤུགས་སུ་འགྱུར་བ་བྱས་ཏེ་དགོན་སྡེའི་རྒྱ་ཆེའི་གྲྭ་བཙུན་རྣམས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་བོད་ལྗོངས་སྐྲུན་ཐུབ་པ་བྱ་ཆེད་ལེགས་སྐྱེལ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད། །



  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་2017ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་སུའེ་ཙེར་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་ལ་ཞུགས།
  • དོ་སྣང་ཆེ་བའི་རྩོམ།