ཀྲུང་གོའི་མི་བཟང་གི་མིང་བྱང་ཁྱབ་བསྒྲགས་བྱས་པ།

    མི་དམངས་དྲ་བའི་འཕྲིན།    2017-01-03

     2016ལོའི་ཟླ12ཚེས30ཉིན་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས། ཀོང་ཤིས་ཆིན་ཀྲོའུ་རུ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་གྱི་མི་བཟང་དང་སྤེལ་རེས་བྱེད་སྒོ་སྤེལ་བ་མ་ཟད། ཀྲུང་གོའི་མི་བཟང་གི་མིང་བྱངཡང་ཁྱབ་བསྒྲགས་བྱས་པ་རེད།

   དྲ་དམངས་ཀྱིས་འོས་སྦྱོར་དང་དཔྱད་མོལ་བྱས་པ་བརྒྱུད། གཞན་ཕན་ལ་དགའ་བ་དང་། བདེན་པའི་རྒྱབ་ལངས་བྱེད་ཕོད་པ། ཟོལ་མེད་ཡིད་རྟོན། རྒན་བཀུར་གཉེན་བྱམས། ལས་བཀུར་སྐྱེས་འབུལ་བཅས་ཀྱི་ཉེ་འགྲམ་གྱི་མི་བཟང་ཁྱོན108གཟི་བརྗིད་ལྡན་པའི་མིང་བྱང་ནང་ཚུད་པ་ཁྱབ་བསྒྲགས་བྱས་པ་རེད།

2016ལོར་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་ཀྲུང་གོའི་ཤེས་དཔལ་དྲ་རྒྱསངས་ཉེ་འགྲམ་གྱི་མི་བཟང་འོས་སྦྱོར་དང་དཔྱད་མོལ་བྱེདཅེས་པའི་བྱེད་སྒོ་གཏིང་ཟབ་སྤེལ་བར་བརྟེན་ནས་ཉེ་འགྲམ་གྱི་མི་བཟང་དང་མི་དཀྱུས་མའི་སྤྱོད་བཟང་དྲིལ་བསྒྲགས་ཤུགས་ཆེན་གྱིས་སྐར་ཚོགས་རྣམ་པར་བཀྲ་བ་དང་སྨེ་བདུན་མཉམ་འཚེར་ལྟ་བུའི་སྔོན་ཐོན་ཚོགས་སྤྱིའི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་མ་བཏང་བ་མ་ཟད། ད་ལྟའི་སྤྱི་ཚོགས་ཀྱི་གཙོ་རྒྱུན་དང་ཀྲུང་གོ་བའི་སྙིང་སྟོབས་ཉམས་འགྱུར་གསར་པ་ཞིག་ཀྱང་མངོན་པར་བྱས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:བ་སོའི་ཐོན་རྫས་བཀག་སྡོམ་བྱ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:སྤྱི་ལོ2017ལོའི་ལས་ཞུགས་རོགས་སྐྱོར་བྱེད་པའི་ཟླ་བའི་ཆེད་དོན་བྱེད་སྒོ་དེ་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་སྤེལ་འགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།