རྙིང་སོང་གི་ལོ་ཟླ།

ཁམས་མེ་ལྕེ།        2019-12-09

ངའི་སྙིང་ཉེ་བའི་ལོ་ཟླ་ལགས།

རྙིང་སོང་གི་ལོ་ཟླ་དཀར་པོ་ལགས།

ཁྱེད་ཀྱིས་ང་ལ་སྤྲོ་སྣང་བསྩལ།

ཁྱེད་ཀྱིས་ང་ལ་ཡིད་ཆེས་གནང་།

བར་མཚམས་མེད་པར་ཁྱེད་རང་བཞུད་སོང་།

ང་ཡང་མདུན་དུ་ཆས་སོང་།

ཡིན་ཡང་ངའི་རྙིང་སོང་གི་ལོ་ཟླ་ལ་ཕྱིར་མིག་འཕེན།

ཕྱིར་མིག་དེ་འཛུམ་མདངས་ཀྱིས་འཕེན་ངེས།

འདས་སོང་གི་ལོ་ཟླ་དཀར་པོ་ལགས།

བཞུད་སོང་གི་ལོ་ཟླ་འོད་ཆེན་དེ།

ངའི་ནམ་ཡང་བརྗེད་མི་སྲིད་ལ་དུངས་ཞེན་ཆེ།

ང་ལ་སྤྲོ་སེམས་བྱིན་པའི་བཞུད་ཟིན་སོང་གི་ལོ་རྙིང་།

ལོ་ཟླ་རྙིང་གྱིན་རྙིང་གྱིན།

ངའི་སྙིང་ཉེ་བའི་ཕ་མ་དག་རྒས་ཀྱིན་ཡོད།

ང་ཡང་རྒས་གྱིན་ཡོད།

ཡིན་ཡང་། ང་རང་ལོ་ཟླ་ལ་སུན་པ་མེད།

རྙིང་སོང་གི་ལོ་ཟླ་ལ་དགའ་ཞེན་ཆེ།

  • ལེ་ཚན་སྔོན་མ།:སྒྱུ་མའི་རང་མདངས་མཚོན་པའི་གླུ།
  • ལེ་ཚན་རྗེས་མ།:རྨི་ལམ་བསྒུལ་བ།