ཡེ་ཤེས་ཟླ་བས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་གོ་གནས་དགོངས་ཞུ་འབུལ་བའི་སྐོར་གྱི་ཆོད་དོན།

བདེ་སྐྱིད་ཀྱིས་བསྒྱུར།        2016-12-27

      2016ལོའི་ཟླ་བ12པའི་ཚེས23ཉིན་དཀར་མཛེས་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་སོ་དྲུག་པའི་ཐོག་གྲོས་འཆམ་བྱུང་།

ལས་གནས་འཕོ་འགྱུར་གཏོང་བའི་དབང་གིས། ཡེ་ཤེས་ཟླ་བས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་གོ་གནས་དགོངས་ཞུ་འབུལ་བའི་རེ་བ་ཞུས་པ་རེད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་གནས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གི་རྩ་འཛུགས་ཁྲིམས་སྲོལགྱི་འབྲེལ་ཡོད་གཏན་འབེབས་ལྟར། དཀར་མཛེས་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་སོ་དྲུག་པའི་ཐོག་ཡེ་ཤེས་ཟླ་བས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་གོ་གནས་དགོངས་འབུལ་ཞུ་བར་དང་ལེན་བྱས་པའི་གྲོས་ཐག་བཅད་པ་རེད།


  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོག་རྒྱུའི་སྐོར་གྱི་ཆོད་དོན།
  • ལེ་ཚན་རྗེས་མ།:སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
  • དོ་སྣང་ཆེ་བའི་རྩོམ།