ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་ཁེ་ལས་དང་སློར་གྲྭར་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སྒྲོག་འགྲེལ་བྱས།

དབྱངས་ཅན་གྱིས་བསྒྱུར།        2016-12-22

      ཟླ་བ12པའི་ཚེས12ཉིན་གྱི་ཕྱི་དྲོར་ཁུལ་ཨུའི་དྲིལ་བསྒྲགས་ཚོགས་པའི་གྲུབ་མི་དང་། ཁུལ་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཞེ་ཕིང་སི་ཁྲོན་ཏ་ཐང་རྒྱལ་སྤྱིའི་དཀར་མཛེས་ཆུ་གློག་གསར་སྦོལ་ཚད་ཡོད་སྤྱི་གཉེར་ཁང་དུ་ཕྱིན་ནས། སྤྱི་གཉེར་ཁང་དེའི་ཁེ་ལས་བདག་པོ་དང་།  ཇུས་འགོད། ལྟ་ཞིབ་དོ་དམ། ཨར་ལས་སྡེ་ཚན་བཅས་ཀྱི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་སོགས་ལ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱ་དགོས་པའི་སྒྲོག་འགྲེལ་བྱས་པ་རེད།

       སྒྲོག་འགྲེལ་གྲོས་ཚོགས་ཐོག  ཞེ་ཕིང་གིས་རང་རེའི་ཞིང་ཆེན་དང་ཁུལ་གྱི་ལས་ཀའི་དོན་དངོས་དང་འབྲེལ་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གལ་ཆེ་བའི་སྙིང་དོན་ལ་རྒྱུས་ལོན་ཟབ་མོ་བྱ་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བ་དང་། ཁྱོན་ཡོངས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་བྱེད་པ། ཁྱོན་ཡོངས་ནས་ཏང་ནང་ཁུལ་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། འགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མཐོ་རིམ་ལས་བྱེད་པར་ལྟ་སྐུལ་དོ་དམ་ཡག་པོ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་ཆད་རང་རེའི་ཞིང་ཆེན་དང་རང་ཁུལ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་གནས་ཚུལ་སོགས་ཕྱོགས་དྲུག་གི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གསལ་བཀྲོལ་བྱས། མཐོ་ཚད་གསར་པ་དང་། བསམ་བློ་གསར་པ། ལམ་ལུགས་གསར་པ། བྱེད་ཐབས་གསར་པ། བླང་བྱ་གསར་པ། བྱ་སྤྱོད་གསར་པ་བཅས་ཀྱིསགནས་བབ་གསར་པའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིགདང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིགགི་གལ་ཆེ་བའི་སྙིང་དོན་དང་གཞི་རྩའི་ནང་དོན། བྱེད་ཐབས། བླང་བྱ་བཅས་ཁྱོན་ཡོངས་གསལ་བཀྲོལ་བྱས་པ་རེད།

      སྒྲོག་འགྲེལ་གྲོས་ཚོགས་གྲོལ་རྗེས། སྤྱི་གཉེར་ཁང་དེའི་འགན་ཁུར་མི་སྣས་ཨར་ལས་ནང་ཞུགས་པའི་སྡེ་ཚན་སོ་སོ་དང་། ཏ་ཐང་སྤྱི་གཉེར་ཁང་གི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་ཅིང་། བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་དབྱང་གི་ཁེ་ལས་དཔལ་འབྱོར་གྱི་འགན་འཁྲི་དང་ཆབ་སྲིད་ཀྱི་འགན་འཁྲི། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ནས། རྒྱལ་སྤྱིའི་རིམ་གྲལ་དང་པོའི་ནུས་ཁུངས་རུ་ཚོགས་བསྐྲུན་གང་ཐུབ་བྱེད་པ་དང་། དཀར་མཛེས་ཁུལ་དང་དར་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་བབ་འོས་ཀྱི་བྱས་རྗེས་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

      སྒྲོག་འགྲེལ་ལ་ཉན་འཇོག་བྱས་པའི་ལས་བཟོ་ཚོས་གཅིག་རྗེས་གཉིས་མཐུད་དུ་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་བློ་རུ་འཇོག་ཐུབ་པ་དང་སྦྱངས་ནས་གོ་ཆོད་པར་བྱས་ཏེ་ལས་ཀར་སྐུལ་འདེད་གཏོང་ཐུབ་པ་དང་། རིགས་གཞུང་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པའི་སྤྲོ་སེམས་དང་བརྩོན་ཤུགས་དེ་ལས་ཀར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་པ་དང་། ནུས་ཤུགས་གང་ཡོད་ཀྱིས་ཉེན་མེད་ཐོན་སྐྱེད་དང་། ཨར་ལས་འཛུགས་སྐྲུན། གནས་སྤོ་ཡུལ་མིའི་ས་ཚུགས་འཛུགས་སྐྲུན་སོགས་ཀྱི་ལས་འགན་གལ་ཆེན་ཡག་པོ་བཟུང་ནས།  སེམས་ཐག་གཙང་བཅད་ཀྱིས་ཉེན་མེད་ཐོན་སྐྱེད་ཡོང་བའི་ལས་ཀ་དང་། ཁོར་ཡུག་སྲུང་སྐྱོང་། དཔུང་སྡེ་བརྟན་བརླིང་སོགས་ཀྱི་ལས་ཀའི་མཐའ་ཚད་བརྟན་སྲུང་བྱས་ནས། ཀྲུང་དབྱང་གི་ཁེ་ལས་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ཕོད་པ་དང་ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་ཏ་ཐང་གིས་བྱས་རྗེས་ཕུལ་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།། 


  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་གིས་སློབ་མ་ཚོས་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་ལག་ལེན་བྱེད་པར་ཁྲིད་སྟོན་བྱས།
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་རྫོང་ཤམ་བྷ་ལ་གྲོང་རྡལ་གྱིས་རིན་པ་མི་དགོས་པར་མང་ཚོགས་ལ་མེ་གསོད་ཡོ་བྱད་སྤྲད།
  • དོ་སྣང་ཆེ་བའི་རྩོམ།