སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློང་སྦྱོང་དོན་འཁྱོལ་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་སི་ཁྲོན་དུ་འཚོགས་པ།

    གངས་ལྗོངས་ཉི་གཞོན་དྲ་བ།    2019-11-21

སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློང་སྦྱོང་དོན་འཁྱོལ་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་སི་ཁྲོན་དུ་འཚོགས་པ།

        ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ11པའི་ཚེས15ཉིན་གྱི་སྔ་དྲོར། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློང་སྦྱོང་དོན་འཁྱོལ་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་དུ་འཚོགས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲན་ཁྲེན་ཧྥུ་ཡིས་སྒྲོག་འགྲེལ་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཕེང་ཆིང་ཧྭ་ཡིས་སྙན་ཞུའི་ཚོགས་འདུ་ལ་གཙོ་སྐྱོང་མཛད་པར་མ་ཟད་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་དང་། ཀྲུང་དབྱང་གི་“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚན་ཆུང་བཅུ་པའི་ཚན་གཙོ་གཞོན་པ་ཀྲང་པའེ་རའོ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་བཅས་སྙན་ཞུའི་ཚོགས་འདུ་ལ་ཞུགས། 

        སྙན་ཞུའི་ཚོགས་འདུའི་སྟེང་། ཀྲན་ཁྲེན་ཧྥུ་ཡིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་གཞི་ལ་དམིགས་ནས། ཕྱོགས་ཡོངས་ནས་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཇུས་ཆོད》ཀྱི་རྒྱབ་ལྗོངས་དང་བྱུང་བའི་གོ་རིམ། སྒྲིག་གཞི་བཅས་ངོ་སྤྲོད་བྱས་པར་མ་ཟད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དགེ་མཚན་ལ་འགྲེལ་བརྗོད་གནང་། གཞན་གཏིང་ཟབ་པའི་སྒོ་ནས་ཚོང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་《ཇུས་ཆོད》ཀྱིས་བཏོན་པའི་སྤྱིའི་བླང་བྱ་དང་སྤྱིའི་དམིགས་འབེན། འགན་འཁྲི་གལ་ཆེན་བཅས་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པའི་ཡང་དག་པའི་བླང་བྱ་ལ་འགྲེལ་བཤད་གནང་བ་དང་། ནན་ཏན་གྱིས་ཚོང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱས་པའི་ངོས་འཛིན་དང་མྱོང་བ་ཞིབ་པར་གླེང་། སྙན་ཞུ་ལས་ཁྱོན་ཡོངས་ནས་མ་ལག་ལྡན་པའི་སྒོ་ནས་གཙོ་གནད་འབུར་དུ་ཐོན་པར་བྱས་པར་མ་ཟད། དོན་སྙིང་ཟབ་ལ་གོ་བདེ་བར་འགྲེལ་ནས་སྙན་ཞུ་ལ་ཉན་པའི་བློ་མཐུན་རྣམས་ལ་བློ་འབྱེད་དང་སློབ་གསོ་ཆེན་པོ་ཐོབ། །

  • ལེ་ཚན་སྔོན་མ།:ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ
  • ལེ་ཚན་རྗེས་མ།:ཀྱག་ཀྱོག་གི་མཁའ་ལམ་རིང་པོ།
  • དོ་སྣང་ཆེ་བའི་རྩོམ།