རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བློར་བབ་ཚད་དེ་གཙོ་དོན་སློབ་གསོའི་ཕན་འབྲས་ཐོབ་མིན་ཞིབ་བཤེར་བྱེད་ཡས་ཀྱི་ཐིག་ཤིང་ལྟར་བྱ་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2019-11-18

རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བློར་བབ་ཚད་དེ་གཙོ་དོན་སློབ་གསོའི་ཕན་འབྲས་ཐོབ་མིན་ཞིབ་བཤེར་བྱེད་ཡས་ཀྱི་ཐིག་ཤིང་ལྟར་བྱ་དགོས།

     སྤྱི་ཟླ11པའི་ཚེས11ནས12ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་སྔོན་རྗེས་སུ་རྟའུ་རྫོང་མ་ཟུར་ཡུལ་ཤོག་ཡི་གེ་གྲོང་སྡེ་དང་ཁང་གསར་ཡུལ་ཤོག་ཁ་ར་གྲོང་སྡེར་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སྒྲོག་འགྲེལ་བྱས་པ་རེད།

     ཟུར་ཡུལ་ཤོག་ཡི་གེ་གྲོང་སྡེའི་གྲོང་སྡེའི་རིམ་པའི་བྱེད་སྒོ་སྤེལ་ཁང་དུ་ལིའུ་ཁྲེང་མིང་གིས་རྫོང་དང་ཡུལ་ཤོགགྲོང་སྡེའི་ལས་བྱེད་པ་དང་ཏང་ཡོན།མང་ཚོགས་ཀྱི་འཐུས་མི་སོགས་དང་བཞུགས་མོལ་གནང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སྒྲོག་འགྲེལ་བྱེད་སྐབས་ནན་གསུང་གནང་དོན།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོ་མས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན།ཞི་ཅིན་ཕིང་གིས་སི་ཁྲོན་ལས་ཀའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན།ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་གཙོ་དོན་སློབ་གསོ་ཟབ་ཏུ་སྤེལ་བ་དང་ཆབས་ཅིགཁྱོན་ཡོངས་ནས་ཏང་ནན་སྐྱོང་ལས་ཀར་སྐུལ་འདེད་ཟབ་མོ་གཏང་རྒྱུ་སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་ལམ་ལུགས་དང་རྩ་བའི་ལམ་ལུགས།གལ་ཆེའི་ལམ་ལུགས་དེ་དག་རང་ཁུལ་དུ་ཇི་མ་ཇི་བཞིན་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་རེད།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་ཡག་མོ་དང་དྲིལ་བསྒྲགས་ཡག་མོ།ལག་བསྟར་ཡག་མོ་བྱ་རྒྱུ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས།རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་ལག་ལེན་ཡག་མོ་བྱ་རྒྱུའི་རེ་བ་ཡོད་ཅེས་ཡོད།

    ཚེས12ཉིན་ལིའུ་ཁྲེང་མིང་གིས་རྟའུ་རྫོང་དུ་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་གཙོ་དོན་སློབ་གསོར་ཁྲིད་སྟོན་གནང་བ་རེད།ཁོང་གིས་སྔ་ཕྱིར་རྟའུ་རྫོང་སྲིད་འཛིན་ཞིབ་བཤེར་ཆོག་མཆན་ཅུས་ཀྱི་སྲིད་དོན་ཚོམས་ཆེན་གྱི་ཞབས་འདེགས་སྒེའུ་ཁུང་ཁག་དང་རྫོང་ནོར་སྲིད་ཅུས།རྫོང་གཙོ་དོན་སློབ་གསོའི་འགོ་ཁྲིད་ཚོ་ཆུང་ཆེད་སྒྲིག་ལེ་ཚན་དང་གཙོ་དོན་སློབ་གསོའི་དྲིལ་བསྒྲགས་ཡིག་རིགས་ལ་གཟིགས་ཞིབ་གནང་བར་མ་ཟད།ད་དུང་གཙོ་དོན་སློབ་གསོའི་ལས་ཀ་སྤེལ་ཚུལ་སྙན་སེང་ཞུས་པར་གསན་འཇོག་གནང་བ་དང་ཆབས་ཅིགལས་གྲྭ་དང་པོར་ལས་དོན་སྒྲུབ་བཞིན་ཡོད་པའི་ལས་སྒྲུབ་མི་སྣར་འཚམས་འདྲི་གནང་བ་རེད།ཁོང་གིས་ནན་གསུང་གནང་དོན།ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་གཙོ་དོན་སློབ་གསོ་སྤེལ་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་།ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་ཁུར་བ།ཧེ་བག་འཚོལ་རྙེད།དོན་འཁྱོལ་ནན་འཛིན་བྱེད་པའི་སྤྱི་ཡོངས་ཀྱི་བླང་བྱ་ལྟར་མི་དམངས་གཙོ་བོར་བྱས་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཅངས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བློར་བབ་ཚད་དེ་གཙོ་དོན་སློབ་གསོར་ཕན་འབྲས་ཐོབ་མིན་གྱི་ཞིབ་བཤེར་བྱེད་ཡས་ཀྱི་ཐིག་ཤིང་ལྟར་བརྩིས་ནས་མང་ཚོགས་ལ་དགོས་གཏུག་ཆེ་ཞིང་དཀའ་ངལ་ཡོད་པ།སེམས་ཁྲལ་ཆེ་བ།རེ་སྒུག་ཆེ་བའི་གནད་དོན་ཐག་གཅོད་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྐྱིད་འབྱུང་ཚོར་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏང་དགོས།

    བརྟག་དཔྱད་ཞིབ་འཇུག་བྱས་རྗེས་ལིའུ་ཁྲེང་མིང་གིས་རྟའུ་རྫོང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་གཙོ་དོན་སློབ་གསོའི་ལས་ཀའི་བཞུགས་མོལ་ཚོགས་འདུའི་ནང་ཞུགས་ནས་རྟའུ་རྫོང་དང་ཁུལ་ཨུའི་སྐོར་སྐྱོད་ཁྲིད་སྟོན་ཚོ་ཆུང་གི་ལས་ཀའི་སྙན་སེང་ཞུས་པར་གསན་འཇོག་གནང་སྐབས་ཁོང་གིས་རྟའུ་རྫོང་གི་གཙོ་དོན་སློབ་གསོ་ལས་ཀར་གྲུབ་འབྲས་ལེགས་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་བའི་དུས་མཚུངས་སུ།གཙོ་དོན་སློབ་གསོ་སྤེལ་རིམ་གནད་དོན་དང་མི་འདང་སའང་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཞིང་སྡེའི་འཐུང་ཆུ་གཙང་མའི་གསེད་བཤེར་གནད་དོན་དག་ཐེར་བཅོས་སྐྱོང་བྱ་རྒྱུ་ཁྱོན་ཡོངས་ནས་གྲུབ།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གི་ནོར་གནག་སྣོད་བཅུད་ལམ་བུ།
  • དོ་སྣང་ཆེ་བའི་རྩོམ།