ལི་ཐང་རྫོང་གིས་ཕྱོགས་གསུམ་དང་ཟུང་འབྲེལ་བྱས་ཏེ་མེ་ཏོག་ར་བའི་ཞིང་གྲོང་བསྐྲུན།

དབྱངས་ཅན་གྱིས་བསྒྱུར།        2016-12-15

      ཉེ་ཆར། ལི་ཐང་རྫོང་དགུ་ཆུ་གྲོང་སྡེའི་ཞིང་ལས་ཚན་རྩལ་ཁང་གི་རྒྱབ་ཕྱོགས་ཀྱི་ས་ཞིང་དུ་ལྕགས་སྒྲོམ་གྱིས་བཟོས་པའི་ཁང་པའི་ནང་དུ་ལས་བཟོ་པ་འགས་འདྲུད་འཐེན་འཁོར་ལོ་སྤྱད་ནས་ས་ཞིང་རྨོ་བཞིན་འདུག འདི་ནི་རྫོང་དེས་ནང་འདྲེན་བྱས་པའི་ཧྲེང་ཧང་ཁེ་ལས་ཀྱིས་ཕྱོགས་གསུམ་དང་ཟུང་འབྲེལ་བྱས་པར་བརྒྱུད་ནས་བསྐྲུན་པའི་མ་སྐྱེས་ཨ་མའི་མེ་ཏོག་ར་བའི་ཞིང་གྲོང་དེ་རེད།

སྤྱི་གཉེར་ཁང་གི་སྤྱི་ཁྱབ་གཉེར་དཔོན་ཧྲེང་ཁོ་ཡིས་ངོས་སྤྲོད་བྱས་དོན། གཞི་ཁྱོན་མུའུ200ཡོད་པའི་མ་སྐྱེས་ཨ་མའི་མེ་ཏོག་ར་བའི་ཞིང་གྲོང་དེར་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱེད་པ་དང་། འདེབས་གསོ་ཟུང་འབྲེལ་བྱེད་པ། ཐོན་ལས་དང་དབུལ་ཐར་ཟུང་འབྲེལ་བྱེད་པ་བཅས་ཀྱི་ཐབས་ཤེས་སྤྱད་ནས། ལི་ཐང་གི་ཞིང་འབྲོག་མི་དམངས་ཀྱི་ཐོན་ལས་འཕེལ་རྒྱས་ཡོང་བར་ཚོང་ར་མཁོ་འདོན་བྱེད་དཀའ་བའི་གྲུབ་ཆ་གཙོ་བོ་དང་ལག་རྩལ་ཐད་ཀྱི་དཀའ་གནད་སྒྲོལ་ཐུབ་པ་རེད། ཤེས་རྟོགས་བྱུང་བ་ལྟར། ཞིང་གྲོང་དེ་དེང་རབས་ཞིང་ལས་ཐོན་ལས་ལྡུམ་ཁུལ་གྱིས་རྨང་གཞི་བྱས་ནས་ཡུལ་སྐོར་སྣེ་ལེན་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ་དང་། འགྲུལ་པས་ཞིང་གྲོང་དུ་སྦགས་བཙོག་ཐེབས་མེད་པའི་རང་བྱུང་གི་ཤིང་ཏོག་དང་སྔོ་ཚལ་བཏོགས་ནས་ཞིང་པའི་ཟ་མ་བཟོ་བ་དང་ལྟ་སྐོར་དང་ངལ་གསོ་སོགས་བྱེད་ཆོག་པ་རེད། མེ་ཏོག་ལྡུམ་རའི་ཞིང་གྲོང་དུ་མཐོ་སྒང་གི་མེ་ཏོག་འཛུགས་ཆོག་པར་མ་ཟད། ས་རྒྱུ་སྤོ་བསྒྱུར་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཁྱད་ལྡན་སྔོ་ཚལ་འདེབས་པ་དང་བོད་ལུག་གསོ་ཚགས་བྱས་པར་བརྟེན་ནས་རྟེན་གཞི་དེར་རྫས་ལུད་མཁོ་འདོན་བྱེད་ཐུབ་པས། སྔོ་ཚལ་བྲིན་འཚོང་བྱ་ཡུལ་བཙལ་ནས་དབུལ་ཕོངས་དུད་ཚང་གིས་རང་གི་ཉེ་འཁོར་དུ་ཡོང་འབབ་བཙལ་ཐུབ་པ་དང་། ཉེ་འཁོར་གྱི་གྲོང་མི་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་ཐུབ་པ་རེད།

      མ་སྐྱེས་ཨ་མའི་མེ་ཏོག་ལྡུམ་རའི་ཞིང་གྲོང་ནི་རྫོང་དེས་ཐོན་ལས་འཕེལ་རྒྱས་གཏོང་བའི་སྤྱི་དང་བྱེ་བྲག་ཟུང་འབྲེལ་བྱེད་པའི་ས་ཚུགས་ཤིག་ཡིན་ཞིང་། འཚོ་བཟང་སོགས་ས་ཁུལ་དུ་མུའུ་ཁྲི་ལྡན་པའི་གཟན་རྩྭ་གསོག་ཉར་བྱེད་སའི་རྟེན་གཞི་བསྐྲུན་ནས་གསོ་སྤེལ་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བར་མ་ཟད། ཤང་དང་གྲོང་རྡལ24ཡི་ཁྱད་ཆོས་ལ་དམིགས་ནས་ཞིང་ལས་དང་། འབྲོག་ལས། ཡུལ་སྐོར་བཅས་གང་ལ་གང་འཚམ་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་ཀ་སྐྱོར་ལྟ་བུའི་ཐོན་ལས་ཆགས་པ་རེད།།


  • ལེ་ཚན་སྔོན་མ།:ཉི་སྟེན་ཡུལ་སྐོར་དོ་དམ་ཅུས་ཀྱིས་འབྲེལ་འདྲིས་བྱ་ཡུལ་དབུལ་ཕོངས་གྲོང་སྡེ་ལ་ཕྱུག་འགྱུར་གྱི་ཐབས་ལམ་བསྐྲུན།
  • ལེ་ཚན་རྗེས་མ།:ལྕགས་ཟམ་ཟམ་པAབཞི་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་གྲས་སུ་ཚུད།
  • དོ་སྣང་ཆེ་བའི་རྩོམ།