ཉི་སྟེན་ཡུལ་སྐོར་དོ་དམ་ཅུས་ཀྱིས་འབྲེལ་འདྲིས་བྱ་ཡུལ་དབུལ་ཕོངས་གྲོང་སྡེ་ལ་ཕྱུག་འགྱུར་གྱི་ཐབས་ལམ་བསྐྲུན།

        2016-12-15

      ཉེ་ཆར། ཉི་སྟེན་ཡུལ་སྐོར་དོ་དམ་ཅུས་ཀྱི་འབྲེལ་འདྲིས་བྱ་ཡུལ་ཏེ་ཤམ་བྷ་ལ་གྲོང་རྡལ་ནགས་མང་སྐེད་གྲོང་སྡེར་འདུ་འཛི་རབ་ཏུ་ཆེ། གང་རེད་ཅེ་ན། འདི་ནར་རི་སྐྱེས་ཤ་མོ་ཐོན་སྐྱེད་ཚོང་གཉེར་བྱེད་པའི་ཆེད་ལས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བའི་ཚོགས་ཆེན་ཏག་ཏག་འཚོག་བཞིན་པའི་སྐབས་དང་ཁེལ་བ་རེད། ཚོགས་ར་ཡོངས་སུ་གྲོང་མི་ཚོའི་འཛུམ་མདངས་ལས་གཞན་གང་ཡང་མཐོང་རྒྱུ་མི་འདུག  ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ་བ7པ་ནས10པའི་བར་མཉམ་ལས་ཁང་དེས་རི་སྐྱེས་ཤ་མོ་བྲིན་འཚོང་བྱས་ཚད་བསྡོམས་པས་སྒོར་ཁྲི30ལ་ཟིན་ཞིང་། ཐོག་མའི་ཁེ་སྤོགས་སྒོར་ཁྲི5ཐོབ་ནས་དབུལ་ཕོངས་གྲོང་སྡེ་ནགས་མང་སྐེད་ལ་བསྡོམས་པས་དུད་ཚང16ཡོད་ཅིང་དུད་ཚང་རེར་ཁེ་སྤོགས་སྒོར2000རེ་རག་པ་རེད།

      ན་ལོ་ནས་བཟུང་དབུལ་ཕོངས་གྲོང་སྡེ་ནགས་མང་སྐེད་ལ་ཉི་སྟེན་ཡུལ་སྐོར་དོ་དམ་ཅུས་ཀྱིས་རོགས་རམ་ཤུགས་ཆེན་བྱས་འོག རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ལས་ཀ་དེ་རིམ་བཞིན་འཐུས་ཚང་བྱུང་བའི་ཐོག ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པ་དང་མང་ཚོགས་འབབ་འཕར་གྱི་ཐབས་ལམ་སྣ་མང་གྱུར་པ་རེད། དམངས་འཚོའི་ཚད་གཞི་སྣ་ཚོགས་ཕལ་ཆེར་མངོན་འགྱུར་བྱུང་བའམ་དབུལ་ཐར་གྱི་ཚད་གཞི་ལས་བརྒལ་བ་རེད། ཁྱད་པར་དུ་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ལོ་རྒྱུས་རང་བཞིན་གྱི་གཏོར་བརྒལ་བྱུང་ནས། དབུལ་ཕོངས་གྲོང་སྡེར་དབུལ་སྐྱོར་བྱེད་པའི་ལས་གཞི་དོན་འཁྱོལ་བྱས་ཏེ་གྲུབ་འབྲས་མངོན་གསལ་ཐོབ་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་མཇལ་འཕྲད་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་ཏང་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས། ཞའོ་ཡིའུ་ཚའེ་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་ཕྱོགས་གསུམ་དང་ཟུང་འབྲེལ་བྱས་ཏེ་མེ་ཏོག་ར་བའི་ཞིང་གྲོང་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།