སྐྱེས་ཐོབ་རང་བཞིན་སྙིང་ནད་ཕོག་པའི་བྱིས་པར་དགེ་སྒྲུབ་སྨན་བཅོས་ཀྱིས་རོགས་སྐྱོར་སྨན་བཅོས་བྱེད།

        2019-11-18

    སྤྱི་ཟླ11པའི་ཚེས10ཉིན། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་དང་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་དང་མཉམ་དུ་ལི་ཐང་རྫོང་མོ་ལ་སྐེད་ཡུལ་ཤོག་གི་ལྟེ་བའི་སློབ་གྲྭ་དང་དཔོན་སྐོར་ཡུལ་ཤོག་གི་སློབ་ཆུང་དུ་སྐྱེས་ཐོབ་རང་བཞིན་སྙིང་ནད་ཕོག་པའི་བྱས་པར་རོགས་སྐྱོར་སྨན་བཅོས་བྱེད་པ། ཆེད་རམས་པ་ཚོས་ངལ་དུབ་ལ་མ་འཛེམས་ནས་བསྟུད་མར་འབད་འཐབ་བྱས་ཤིང་། ཉིན་དེར་མོ་ལ་སྟོད་དང་མོ་ལ་སྐེད། མོ་ལ་སྨད། དཔོན་སྐོར་སོགས་ཀྱི་ཡུལ་ཤོག་དང་གྲོང་རྡལ་དུ་ལོ18སླེབས་པའི་ལོ་ཆུང་བྱིས་པ་ཁྱོན་བསྡོམས500ལྷག་ཙམ་ལ་ཁྱོན་ཡོངས་ནས་འདེམས་བཤེར་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྨན་བཅོས་རོགས་སྐྱོབ་ཚོ་ཆུང་གིས་ད་དུང་འབའ་ཐང་དང་སྡེ་རོང་། འདབ་པ་སོགས་རྫོང་བཞིར་བསྐྱོད་ནས་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་གྲོང་ཚོ96སི་ཁྲོན་གྱི་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་ཁག་བཞི་པའི་ནང་ཚུད་པ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་གྲོང་སྡེ96ཚན་པ་བཞི་པའི་སི་ཁྲོན་གྱི་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་སྡེའི་མིང་ཐོའི་ནང་ཚུད་ཡོད།
  • དོ་སྣང་ཆེ་བའི་རྩོམ།