དཔྱིད་གསར་དུས་ཆེན་སྔོན་དུ་སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་འཛུགས་སྐྲུན་ལས་འགོ་ཚུགས་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2019-11-13

    ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་སྟེ་སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་དཀར་མཛེས་ཡན་ལག་སློབ་གླིང་གི་འཛུགས་སྐྲུན་ལས་གཞིའི་གནས་ཚུལ་སྙན་སེང་ལ་གསན་འཇོག་གནང་ཞིང་ཕྱིན་ཆད་ཀྱི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

    རང་ཁུལ་གྱི་དུང་དཀར་ལུང་པའི་ཁུག་རྟ་ལུང་པར་སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་དཀར་མཛེས་ཡན་ལག་སློབ་གླིང་གི་ཁང་ས་གདམ་རྒྱུ་དང་། ལས་གཞི་དེ་རྒྱལ་ཁབ་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སི་ཁྲོན་ཞིང་ཆེན་བོད་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཛུགས་སྐྲུན་ལས་གཞིའི་འཆར་འགོད་ནང་བཞག་པ་རེད། ལས་གཞིའི་ཐད་ཀྱི་མ་འཇོག་ཚོད་རྩིས་བྱས་ན་སྒོར་དུང་ཕྱུར1དགོས་པ་དང་ས་ཁྱོན་སྨི་གྲུ་བཞི་མ་ཁྲི3ཙམ་ཡིན་ཞིང་། མིག་སྔར་ལས་གཞི་དེའི་སྔོན་འགྲོའི་ལས་ཀ་ཁག་གོ་རིམ་ཡོད་པས་སྤེལ་བཞིན་ཡོད་པ་རེད།

    སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་དཀར་མཛེས་ཡན་ལག་སློབ་གླིང་གི་ཁང་ས་འདེམས་པ་དང་འཛུགས་སྐྲུན་གཞི་ཁྱོན་སོགས་སྔོན་འགྲོའི་ལས་ཀ་སྐུལ་སྤེལ་གཏོང་ཚུལ་གྱི་སྙན་སེང་ལ་གསན་འཇོག་གནང་རྗེས་ཞའོ་ཡིའུ་ཚའེ་ཡིས་གསུངས་དོན། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་དཀར་མཛེས་ཡན་ལག་སློབ་གླིང་འཛུགས་པ་དེས་བོད་བརྒྱུད་ནང་བསྟན་ཆོས་ལུགས་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་ལངས་ཕྱོགས་བརྟན་པོ་དང་ཆོས་ལུགས་མཁས་པ། ཀུན་སྤྱོད་བཟང་པོ། གནད་འགག་དུས་སུ་ནུས་པ་ཐོན་པའི་ཆོས་ལུགས་མི་སྣའི་དཔུང་སྡེ་འཛུགས་སྐྱོང་བྱེད་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།

    ཁོང་གིས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་ལ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་དཀར་མཛེས་ཁུལ་གྲོང་གསར་འཛུགས་སྐྲུན་བཀོད་འདོམས་པུའུ་དང་མཐུན་སྦྱོར་རམ་འདེགས་ཧུར་ཐག་བྱས་ནས་མགྱོགས་གང་ཐུབ་ཀྱིས་ལས་གཞིའི་སྔོན་འགྲོའི་ལས་ཀ་ཁག་ལེགས་གྲུབ་བྱས་ནས་ལས་གཞི་སུས་འཇོན་དེ་འགུག་དང་གཉེར་འགན་ལེན་པའི་ལས་ཀ་སྤེལ་འགོ་ཚུགས་དགོས། ཁུལ་རང་བྱུང་ཐོན་ཁུངས་ཅུས་ཀྱིས་དཀར་མཛེས་ཁུལ་གྲོང་གསར་འཛུགས་སྐྲུན་བཀོད་འདོམས་པུའུ་དང་དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཅུས་ལ་གཞོགས་འདེགས་བྱས་ནས་ས་བསྡུ་ཉོ་དང་ཚད་ལེན་སོགས་ལས་ཀ་འགྲུབ་པར་བྱ་དགོས། ཁུལ་ནོར་སྲིད་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གིས་ས་ཞིང་ཉོ་བསྡུའི་འཚུབ་བསྟུན་ཁ་གསབ་མ་དངུལ་མགྱོགས་གང་ཐུབ་བཏང་ནས་དཔྱིད་གསར་དུས་ཆེན་སྔོན་དུ་ལས་འགོ་ཚུགས་གང་ཐུབ་བྱ་དགོས་པའི་ཐུགས་རེ་གནང་བ་རེད།།

  • ལེ་ཚན་སྔོན་མ།:ཉེན་རྟོག་དམག་དཔུང་སི་ཁྲོན་སྤྱི་ཁྱབ་བཀོད་འདོམས་རུ་ཁག་གཉིས་པས་སྙན་ལུང་སློབ་ཆུང་གི་གཞི་རྩའི་ཆ་རྐྱེན་ལེགས་བཅོས་གཏོང་རོགས་བྱས།
  • ལེ་ཚན་རྗེས་མ།:དར་མདོ་ནས་བྲག་མགོ་བར་དུ་མྱུར་བགྲོད་གཞུང་ལམ་བསྐྲུན་འཆར་ཡོད།
  • དོ་སྣང་ཆེ་བའི་རྩོམ།