བོད་སྨན་ཁྱབ་ཁོངས་ཀྱི་རང་བྱུང་ཐོན་དངོས་རྒྱལ་སྤྱིའི་ཚད་གཞི་ཚོད་ལྟ་ཁང་ཐོག་མ་དེར་ཆོག་མཆན་ཐོབ།

    མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་།    2019-11-06

   གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན།   ཉེ་ལམ།  རྒྱལ་ཡོངས་ཚད་ལྡན་དངོས་དཔེ་ལག་རྩལ་ཨུ་ཡོན་ལྷན་ཚོགས་རང་བྱུང་ཐོན་དངོས་ཚད་གཞིའི་དངོས་དཔེ་ཆེད་ལས་ལས་དོན་ཚན་ཁག་གིས་ཞིབ་བཤེར་ཆོག་མཆན་ཐོབ་པ་བརྒྱུད།  ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གིས་བཙུགས་པའི་མཚོ་བོད་མཐོ་སྒང་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ལས་གཞིའི་ལག་རྩལ་ཞིབ་འཇུག་ལྟེ་གནས་གཞིར་བཟུང་སྟེ།  རང་བྱུང་ཐོན་དངོས་རྒྱལ་ཁབ་ཚད་གཞི་དངོས་དཔེ་རིན་ཐང་གཏན་འབེབས་ཚོད་ལྟ་ཁང་འཛུགས་པར་ཆོག་མཆན་ཐོབ།  འདི་ནི་བོད་སྨན་ཚད་ལྡན་རང་བཞིན་གྱི་ཁྱབ་ཁོངས་ནང་ཐོབ་པའི་རང་བྱུང་ཐོན་དངོས་རྒྱལ་ཁབ་ཚད་གཞི་དངོས་དཔེ་རིན་ཐང་གཏན་འབེབས་ར་སྤྲོད་བྱེད་པའི་ཚོད་ལྟ་ཁང་ཐོག་མ་ཡིན།

བོད་སྨན་ཁྱབ་ཁོངས་ཀྱི་རང་བྱུང་ཐོན་དངོས་རྒྱལ་སྤྱིའི་ཚད་གཞི་ཚོད་ལྟ་ཁང་ཐོག་མ་དེར་ཆོག་མཆན་ཐོབ།

     རྒྱུས་ལོན་བྱུང་བ་ལྟར་ན།  རྒྱལ་ཁབ་ཚད་གཞི་དངོས་དཔེ་ནི་རང་རྒྱལ་གྱི་རྒྱལ་ཁབ་ཚད་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།  རྒྱལ་ཁབ་ཚད་གཞིའི་ཁྲོད་དངོས་རྫས་ཚད་འབྱེད་གཅིག་པུ་ཡིན།  རང་བྱུང་ཐོན་དངོས་ཀྱི་ཚད་གཞི་དངོས་དཔེ་ཞིབ་འཇུག་གསར་བཟོ་བྱེད་པ་གསར་དར་ཁྱབ་ཁོངས་ཡིན་པའི་ཆ་ནས། སྨན་རྫས་དང་། ལུས་ཁམས་བདེ་སྲུང་ཟས་རིགས་ཐོན་ལས་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།  མིག་སྔར།  ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གིས་བོད་སྨན་གྱི་རྒྱལ་ཁབ་ཚད་གཞིའི་དངོས་དཔེའི་རྣམ་གྲངས་བདུན་ཞིབ་འཇུག་གསར་བཟོ་བྱས་པ་དང་།  རྣམ་གྲངས་བཅུར་ཞིབ་འཇུག་གནང་བཞིན་ཡོད།

    རང་བྱུང་ཐོན་དངོས་རྒྱལ་ཁབ་ཚད་གཞི་དངོས་དཔེ་རིན་ཐང་གཏན་འབེབས་ཚོད་ལྟ་ཁང་གི་སྒོ་བྱང་བཀལ་བ་དེར།  བོད་སྨན་རྨང་གཞིའི་རང་བྱུང་ཐོན་དངོས་གྲུང་གཤིས་དངོས་རྫས་ཀྱི་རྒྱལ་ཁབ་ཚད་གཞི་དངོས་དཔེ་ཞིབ་འཇུག་གསར་བཟོ་དང་བོད་སྨན་ཚད་གཞིའི་ལས་དོན་ལ་སྐུལ་འདེད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་མ་ཟད།  སྔར་ལས་ལྷག་པར་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཚད་གཞིའི་དངོས་དཔེ་ཞིབ་འཇུག་ཁྱབ་ཁོངས་ཀྱི་གོ་གནས་དང་ཆུ་ཚད་མཐོར་འདེགས་གཏོང་བ་ཐུབ་པ་དང་།  ཡུལ་ཁོངས་ཁྱད་ལྡན་བོད་སྨན་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྐྲུན་ཡོད།

  • ལེ་ཚན་སྔོན་མ།:ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།
  • ལེ་ཚན་རྗེས་མ།:ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་ཧྲང་ཧེ་གྲོང་ཁྱེར་ནས་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གནང་།
  • དོ་སྣང་ཆེ་བའི་རྩོམ།