4Gནས5Gལ་འགྱུར་རྗེས་འཚོ་བར་འགྱུར་ལྡོག་འདི་འདྲ་འགྲོ་ངེས།

        2019-11-04

4Gནས5Gལ་འགྱུར་རྗེས་འཚོ་བར་འགྱུར་ལྡོག་འདི་འདྲ་འགྲོ་ངེས།


དྲི་བ། གང་འདྲ་ཞིག་ལ5Gཟེར་རམ།

      5Gཡི་གསལ་བྱེདGནི་དབྱིན་ཡིག་གི་generatirཡི་གསལ་བྱེད་ཐོག་མ་དེ་རེད། 5Gཞེས་པ་འདི་ཐད་སྒྱུར་བྱས་ན། རབས་ལྔ་པའི་དོན་ཡིན་ཞིང་། དེ་ཡང་སྒུལ་བདེའི་འཕྲིན་གཏོང་ལག་རྩལ་རབས་ལྔ་པ་ཞེས་པའི་དོན་རེད། 

དྲི་བ། 5Gདྲ་བ་ལ་ཁྱད་ཆོས་གང་ཡོད་དམ།

      4Gདང་བསྡུར་ན5Gདྲ་བར་ཁྱད་ཆོས་གཙོ་བོ་ནི་མྱུར་ཚད་མགྱོགས་པ་དང་། ཁྱབ་ཆེ་བ། ནུས་གྲོན་ཆུང་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། བྱ་དངོས་ཡོད་དོ་ཅོག་ཕན་ཚུན་འབྲེལ་བའི་ཆ་འཕྲིན་སྤྱི་ཚོགས་ཤིག་སྐྲུན་ཐུབ་ཀྱི་ཡོད།

དྲི་བ། ཀྲུང་གོའི5Gདངོས་སུ་སྤྱོད་འགོ་ཚུགས་པ་རེད་དམ།

      2019ལོའི་ཟླ6པའི་ཚེས6ཉིན། བཟོ་ལས་དང་ཆ་འཕྲིན་པུས་ཀྲུང་གོ་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་སྒུལ་བདེའི་འཕྲིན་གཏོང་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཁེ་ལས་བཞི་ལ་སྒུལ་བདེའི་འཕྲིན་གཏོང་རབས་ལྔ་པའི་ལས་སྒོ་གཉེར་བའི་ཆོག་མཆན་སྤྲད་པ་ལས་ཀྲུང་གོའི5Gདངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།  

དྲི་བ། 5Gཡི་མྱུར་ཚད་གང་འདྲ་ཡོད་དམ།

      ཀྲུང་གོ་སྒུལ་བདེའི་འཕྲིན་གཏོང་གི་དེ་སྔའི་ཏུང་ཧྲི་ཀྲང་དང་གོ་ལ་ཧྲིལ་པོའི་འཕྲིན་གཏོང་མཐུན་ཚོགས་ཀྱི་མཐོ་རིམ་བློ་འདྲི་བ་ཝང་ཅན་དབྱིས་བཤད་པ་ལྟར་ན་མྱུར་ཚད་ཧ་ཅང་མགྱོགས་པོ་ཡོད་པ་རེད། དཔེར་ན། གསལ་པོ་ཞེ་དྲག་ཡོད་པའི་གློག་བརྙན་ཞིག་ཕབ་པར་སྐར་ཆ་རེ་གཉིས་ལས་འགོར་གྱི་མེད།

དྲི་བ། འཛམ་གླིང་ནས་ཀྲུང་གོའི་5Gཡིས་གནས་བབ་གང་འདྲ་བཟུང་ཡོད་དམ། 

      ཀྲུང་གོས་5Gདུས་རབས་སུ་འཛམ་གླིང་གི་འཕེལ་རྒྱས་ལ་སྣེ་འཁྲིད་ཐུབ། བཟོ་འཕྲིན་པུས་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2019ལོའི་ཟླ5པའི་བར་གོ་ལ་ཧྲིལ་པོའི་ཁེ་ལས20ལྷག་ཙམ་གྱི5Gཡི་འབྲེལ་ཡོད་ཐོན་རྫས་ཀྱི་ཁེ་བེད་བདག་ཐོབ་གསལ་བསྒྲགས་བྱས་པའི་ནང་ཀྲུང་གོའི་ཁེ་ལས་ཀྱིས30%ཡན་བཟུང་ནས་ཨང་དང་པོར་སླེབས་ཡོད། མིག་སྔར་རང་རྒྱལ་གྱི5Gཡི་མ་ལག་གི་སྒྲིག་ཆས་དང་། མཐའ་སྣེའི་སྙིང་ལྕགས། རིག་ནུས་ཁ་པར་སོགས་འཛམ་གླིང་གི་ཨང་དང་པོར་སླེབས་ཀྱི་ཡོད། 

དྲི་བ། 5Gསྤྱོད་སྐབས་ཁ་པར་བརྗེ་དགོས་སམ།

      5Gསྤྱོད་སྐབས་ཁ་པར་གསར་པ་བརྗེ་དགོས། མིག་སྔར་ཧྭ་ཝེ་དང་། OPPO vivo ཞའོ་སྨི་སོགས་ཀྱིས་5Gཁ་པར་བཟོས་ཡོད། འོན་ཀྱང་མིག་སྔར་གོང་ཚད་མཐོ་པོ་འདུག  ཡིན་ནའང་རྗེས་སུ་ལག་རྩལ་འཐུས་ཚང་དང་ཁྱབ་གདལ་བྱུང་རྗེས་རིན་གོང་རིམ་གྱིས་ཆག་སྲིད།

དྲི་བ། 5Gསྤྱོད་སྐབས་ཁ་པར་གྱི་ཨང་གྲངས་བརྗེ་དགོས་སམ།

      གློག་འཕྲིན་ཀུང་སི་སོགས་ཀྱིས་ཁྱབ་བསྒྲགས་བྱས་པར་ལྟར་ན། བྱང་བུ་བརྗེ་མི་དགོས་ལ་ཨང་གྲངས་ཀྱང་བརྗེ་མི་དགོས་པར། མྱུར་ཚད་མགྱོགས་པའི་དྲ་རྒྱར་ཞུགས་ཆོག

དྲི་བ། 5Gལ་གྲོན་དངུལ་མང་པོ་འགྲོ་གི་ཡོད་དམ།

      5Gཡི་གྲོན་དངུལ་བསྡུ་སྟངས་ལ་མིག་སྔར་ཞིབ་ཕྲའི་སྲིད་ཇུས་ཐོན་མི་འདུག  ཡིན་ནའང་། འབྲེལ་ཡོད་ཆེད་མཁས་མི་སྣའི་ས་ནས་ཤེས་གསལ་ལ5Gཡི་དྲ་བའི་བཞུར་ཚད་ཀྱི་རིན་གོང4Gལས་མཐོ་མི་སྲིད།

དྲི་བ། 5Gཡིས་འཚོ་བར་འགྱུར་ལྡོག་གང་འདྲ་གཏོང་ཐུབ་བམ།

      5Gནི་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་གྱི་རིམ་པ་སྤར་བ་ཙམ་མ་ཡིན་པར་ཕྱོགས་ཡོངས་ནས་ང་ཚོའི་འཚོ་བར་ཤུགས་རྐྱེན་གཏིང་ཟབ་ཐེབས་ཀྱི་རེད། བྱས་ཙང་མ་འོངས་པར་ང་ཚོས་ལས་ཀ་དང་འཚོ་བའི་ཕྱོགས་གང་སར5Gཡི་སྟབས་བདེ་སྤྱོད་ཐུབ། དཔེར་ན། འགྲིམ་འགྲུལ་ཕྱིར་སྐྱོད། རིག་ནུས་སྨན་བཅོས་སོགས་ལ་ཆ་འཕྲིན་ཅན་དང་གཞི་རྒྱུ་གསར་པ་བསྣན་ནས། མཐར་དམངས་ཚོགས་ལ་སྟབས་བདེ་བསྐྲུན་སྲིད། 

དྲི་བ། 5Gསྔོན་ལ་གྲོང་ཁྱེར་གང་དག་ལ་ཁྱབ་གདལ་གཏོང་གི་རེད་དམ།

      ཀྲུང་གོ་སྒུལ་བདེས་བསྟན་དོན། ད་ལོ་གྲོང་ཁྱེར40རུ5Gམངོན་འགྱུར་ཐུབ་སྲིད་པ་དང་། ཀྲུང་གོ་ལན་ཐུང་གིས་སྔོན་ལ་གྲོང་ཁྱེར40རུ5Gཡི་ཚོད་ལྟའི་དྲ་བ་འཛུགས་རྒྱུ་ཡིན་པར་མ་ཟད། 5Gཡི་ཉམས་ལེན་འཆར་གཞི་ཡང་བཟོ་རྒྱུ་རེད་འདུག ད་དུང་འདིར་ཞུ་ཡ་ཞིག་ལ། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ང་ཚོ་བོད་ལའང5Gདྲ་བའི་འབྲེལ་ཚུགས་བཟོས་དང་བཟོ་བཞིན་འདུག  ཕལ་ཆེར་ང་ཚོས་ཀྱང་མགྱོགས་པོར5Gདྲ་བར་སྤྱོད་ཐུབ་ཀྱི་འདུག

  • ལེ་ཚན་སྔོན་མ།:ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཧྥ་རན་སེ་དང་ཧོ་ལན་ལི་ཐུ་ཝན་བཅས་རྒྱལ་ཁབ་གསུམ་ ལ་འཚམས་འདྲིར་བསྐྱོད་པ།
  • ལེ་ཚན་རྗེས་མ།:འདྲ་པར《ཝ་འཕྱི་ཁ་སྤྲོད》ལ་འཛམ་གླིང་གི་བྱ་དགའ་ཨང་དང་པོ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།