ཡེ་ཤེས་ཟླ་བས་ལྕགས་ཟམ་རྫོང་དུ་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་ལྟ་སྐུལ་ཞིབ་བཤེར་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2016-12-05

ཟླ་བ11པའི་ཚེས20ནས23ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཡེ་ཤེས་ཟླ་བས་ལས་སྒྲུབ་ཚོ་ཆུང་ཁྲིད་ནས་ལྕགས་ཟམ་རྫོང་དུ་ཕེབས་ནས་དབུལ་ཐར་འགག་སྒྲོལ་གྱི་ཕྱིར་འཐེན་ལས་ཀར་ཞིབ་བཤེར་རྩིས་ལེན་བྱས་ཚུལ་ལ་ལྟ་སྐུལ་ཁྲིད་སྟོན་དང་ཞིབ་བཤེར་མཛད་པ་རེད།

ལྕགས་ཟམ་རྫོང་རི་མཇུག་གྲོང་རྡལ་ཅན་ཁྲ་ཕིང་གྲོང་སྡེའི་མངའ་ཁོངས་སུ་གཏོགས་པའི་གྲོང་དམངས་ཚོ་ཆུང2ཀྱི་དུད་ཚང66ལ་གྲོང་མི239ཡོད་ཅིང་།  ན་ནིང་ནས་བཟུང་གྲོང་སྡེ་དེས་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་དེ་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཡས་ཀྱི་འགག་རྩ་ལ་བཞག་ནས་ཡུལ་སྐོར་གྱིས་ཞིང་ལས་ལ་སྐུལ་ཁྲིད་བྱེད་པ་དང་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱ་རྒྱུའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།  ནུས་ཤུགས་ཡོད་རྒུས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་ནས་ཐུན་མོང་དཔལ་འབྱོར་སྟོབས་ལྡན་དུ་གསོ་སྐྱོང་བྱས་པ་རེད། མིག་སྔའི་བར་སྔོ་ཚལ་མུའུ110ལྷག་ཙམ་དང་ཡུངས་དཀར་མུའུ200ལྷག་ཙམ་འདེབས་འཛུགས་བྱས་ཡོད་ཅིང་།  སྔོན་རྩིས་བྱས་ན་ཐོན་སྐྱེད་རིན་ཐང་སྒོར་ཁྲི45ལ་ཟིན་རྒྱུ་རེད།  སྟར་ཀའི་རྟེན་གཞི་མུའུ350དང་གཡེར་མའི་རྟེན་གཞི་མུའུ150།  སྟར་ཀ་སོན་བཟང་གི་རྟེན་གཞི་མུའུ100བསྐྲུན་ཡོད་པ་རེད།  གསོ་སྤེལ་བྱེད་མཁན་དུད་ཚང5འཕེལ་རྒྱས་བཏང་ནས་ལུག་དང་བྱ།  བོད་ཕག་སོགས་བཤས་སུ་ཚོང་ཚད3100ཡོད་པས་སྔོན་རྩིས་བྱས་ན་ཐོན་སྐྱེད་རིན་ཐང་སྒོར་ཁྲི29ལ་ཟིན་ཐུབ་རྒྱུ་རེད།  གྲོང་སྡེ་དེས་སྤྱི་གཉེར་ཁང་དང་རྟེན་གཞི།  ཞིང་པ་དུད་ཚང་བཅས་སྦྲེལ་བའི་བྱེད་ཐབས་སྤྱད་ནས་ས་ཞིང་མུའུ210འཁོར་རྒྱུག་བྱས་ཏེ།  བོད་ཕག་གསོ་སྤེལ་བྱེད་སའི་རྟེན་གཞི་མུའུ20བསྐྲུན་ཡོད་པ་རེད། ཡུལ་དངོས་སུ་རྟོག་ཞིབ་མཛད་རྗེས། ཡེ་ཤེས་ཟླ་བས་གསུངས་དོན། མང་ཚོགས་ཀྱི་དགོས་མཁོ་ནི་ང་ཚོས་ལས་དོན་བསྒྲུབ་རྒྱུའི་དམིགས་ཡུལ་ཡིན་པ་རེད།  རིམ་པ་ཁག་གི་ལས་བྱེད་པས་མང་ཚོགས་ལ་དྲིལ་བསྒྲགས་དང་མང་ཚོགས་ལ་སྐུལ་སློང་།  མང་ཚོགས་སྒྲིག་འཛུགས།  མང་ཚོགས་སྣེ་ཁྲིད་བྱ་རྒྱུ་བཅས་ཀྱི་ཐོག་ལ་ཤུགས་རྒྱག་དགོས།  ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་བཟང་ཆར་གཞི་ཚུགས་ནས་སྡེ་གཅིག་ལ་ཐོན་རྫས་གཅིག་གི་མཚོན་རྟགས་འཕེལ་རྒྱས་ཤུགས་ཆེན་གཏང་དགོས། ཁྲོམ་རའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་སྒྲིག་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་བཏང་སྟེ་ཕྱིར་ཚོང་ཐབས་ལམ་འཚོལ་ཞིབ་བྱ་དགོས།  མཚོན་རྟགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཐོན་རྫས་ཚོང་ཟོག་ཏུ་འགྱུར་བ་དང་ཚོང་རྟགས་ཀྱི་འགྲན་སློང་བྱེད་ནུས་ཇེ་ཆེར་གཏང་དགོས།  ཐོན་རྫས་ལས་སྣོན་ཞིབ་ཚགས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་ཐོན་ལས་ཀྱི་འབྲེལ་ཐག་རྒྱུན་སྲིང་བྱས་ཏེ་ཟུར་སྣོན་རིན་ཐང་ཇེ་མཐོར་གཏང་དགོས། ས་གནས་རང་ཉིད་ཀྱི་ཁེ་ལས་པ་གསོ་སྐྱོང་བྱས་ནས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་བྱེད་པར་སྣེ་ཁྲིད་བྱས་ནས་འབྱོར་འབྲིང་གི་ལམ་དུ་བསྐྱོད་ཐུབ་པ་བྱ་དགོས།།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱིས་ཨེ་ཙི་ནད་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:ཚྭའེ་པའོ་ཧྭས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་།
  • དོ་སྣང་ཆེ་བའི་རྩོམ།