གཙོ་དོན་སློབ་གསོ་གཏིང་ཟབ་མོའི་ཕྱོགས་སུ་སྐུལ་འདེད་ནན་པོ་གཏོང་།

བདེ་སྐྱིད་ཀྱིས།        2019-10-30

   ཉེ་ཆར། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་མཛུབ་ཁྲིད་ཚོ་ཆུང་དྲུག་པས་རང་ཁུལ་གྱི་ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་ཁུལ་ཨུའི་སྐོར་སྐྱོད་མཛུབ་ཁྲིད་ཚོ་ཆུང་ཁག་གི་འགན་འཁུར་བ་དང་བཞུགས་མོལ་ཚོགས་འདུ་འཚོགས་ནས་རང་ཁུལ་གྱི་ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོའི་ལས་ཀར་ལྟ་སྐུལ་བྱས་པ་རེད།

ཚོགས་ཐོག་ཁུལ་ཨུའི་གཙོ་དོན་སློབ་གསོའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་ལས་ཀ་གྲ་སྒྲིག་དང་ལས་ཀ་དོན་འཁྱོལ། ལས་ཀའི་ཕན་འབྲས། ལས་ཀའི་མི་འདང་ས། ཕྱིན་ཆད་ལས་ཀའི་འཆར་གཞི་བཅས་ལ་དམིགས་ནས་རང་ཁུལ་གྱི་གཙོ་དོན་སློབ་གསོ་ལས་ཀ་སྒྲུབ་ཚུལ་གྱི་སྙན་སེང་ཞུས་པ་རེད།

    ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་མཛུབ་ཁྲིད་ཚོ་ཆུང་དྲུག་པའི་ཙུའུ་ཀྲང་གཞོན་པ་ལིའུ་ཁྲའོ་ཁོན་གྱིས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། རིམ་པ་ཁག་དང་སྡེ་ཁག་སོ་སོས་གཙོ་དོན་སློབ་གསོ་དང་དཀར་མཛེས་ཁུལ་གྱི་གནས་ཚུལ། ཁུལ་ཡོངས་ཀྱིས་དམངས་འཚོ་བརྟན་ལྷིང་གི་ལྟེ་བའི་ལས་ཀ་ཁག་དང་ཁུལ་ཡོངས་ཀྱི་དུས་མཚམས་རང་བཞིན་གྱི་གཙོ་གནད་ལས་ཀ་སྔར་བས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་དེ་བས་ཆེ་བ་དང་དངོས་སྒྲུབ་ཀྱི་བྱ་ཐབས་དེ་བས་ཆེ་བ་སྤྱད་དེ་གཙོ་དོན་སློབ་གསོ་གཏིང་ཟབ་དང་ཕན་འབྲས་དེ་བས་ཆེ་བར་ཡག་པོ་བསྒྲུབས་ནས་གཙོ་དོན་སློབ་གསོ་དེ་ལས་ཀའི་བློ་རིག་དང་ལས་ཀའི་མཉམ་ཤུགས། ལས་ཀའི་གྲུབ་འབྲས་བཅས་སུ་འགྱུར་བ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:དྲ་བས་ཁེབས་རྒྱ་ཆེ་རུ་བཏང་ནས་དབུལ་ཐར་འགག་སྒྲོལ་ལ་ཤུགས་སྣོན་རོགས་བྱེད།
  • ལེ་ཚན་རྗེས་མ།:འཆི་མེད་རྡོ་རྗེས་རང་གི་སྔོན་ཐོན་བྱས་རྗེས་སྙན་ཞུ་འབུལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།