མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་བྲིས། དཀར་མཛེས་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་སྤེལ་བའི་ཟུར་བྲིས།

ཀུན་དགས་བསྒྱུར།        2019-10-30

    མཐུན་སྒྲིལ་འཆམ་མཐུན་ནི་དཀར་མཛེས་རྫོང་མི་རིགས་ཁག་གི་ཡུལ་མི་སྤུན་ཟླའི་བར་རྒྱུན་འཛིན་ཡག་པོར་བྱེད་བཞིན་པའི་མི་རིགས་ཀྱི་བརྩེ་སེམས་ཤིག་ཡིན་ལ། སྐྱིད་སྡུག་མཉམ་མྱོང་དང་ལྟ་རེས་རོགས་རེས་བྱེད་པ་ནི་དཀར་མཛེས་རྫོང་མི་རིགས་ཁག་གིས་མཉམ་དུ་ལེན་པའི་མཐུན་སྒྲིལ་གྱི་རོལ་དབྱངས་ཤིག་ཡིན།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་སྤེལ་བ་ནས་བཟུང་དཀར་མཛེས་རྫོང་གིས་མཐོང་ཆེན་བྱས་ཏེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཕྱོགས་གཉིས་ཀྱི་ཚོ་དཔོན་བྱས་པའི་མི་རིགས་མཐུན་སྒྲིལ་གསར་འཛུགས་བྱེད་སྒོའི་འགོ་ཁྲིད་ཚོ་ཆུང་དང་ལྟོས་བཅས་ཀྱི་འགོ་ཁྲིད་སྒྲིག་གཞི་བཙུགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་བྱེད་སྒོའི་ཇུས་གཞི་རབ་དང་རིམ་པ་བཟོས་ནས་ལོ་གསུམ་གྱི་རིང་གསར་སྐྲུན་དང་ལོ་བཞིའི་རིང་གོང་མཐོར་གཏོང་བའི་ལས་ཀའི་དམིགས་ཚད་གཏན་འཁེལ་བྱས་པ་རེད། རྒྱུན་ཆད་མེད་པར་དྲིལ་བསྒྲགས་ཀྱི་རྟེན་གཞི་དང་བྱེད་ཐབས་གསར་གཏོད་བྱས་པར་བརྟེན་ནས་མི་རིགས་མཉམ་གྲོས་བྱེད་ས་དང་མང་ཚོགས་ཀྱི་ཁེ་ཕན་ཟུང་འབྲེལ་བྱེད་ས་བཙལ་ཏེ། གསར་གཏོད་ལས་དོན་དེ་སྤྱིར་བཏང་ནས་ཚད་ལྡན་ཅན་དུ་བཏང་བ་དང་ཕྱོགས་གཅིག་ལ་དམིགས་ནས་ཕྱོགས་མང་པོར་ཕན་འབྲས་ཐོབ་ཐུབ་པ་བྱས་ནས་ཏང་ཨུས་སྣེ་ཁྲིད་པ་དང་སྲིད་གཞུང་གིས་སྐུལ་འདེད་གཏོང་བ། ཕྱོགས་མང་པོར་ཞུགས་པ། རིམ་པ་བཞིན་དོན་འཁྱོལ་བྱེད་པ། མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་ཀྱི་གསར་གཏོད་ལས་དོན་གྱི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་རེད།

    དཀར་མཛེས་རྫོང་གིས་མང་ཚོགས་ལས་དོན་ཁྱོན་ཡོངས་ལ་ཁྱབ་པའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་དང་ཏང་ཀྲི་པུའུ་ཡི་ཆ་སྒྲིག་མཉམ་འཛུགས་མཉམ་སྐྲུན་གྱི་ལམ་སྲོལ། དམག་དམངས་མཉམ་འཛུགས་ཀྱི་ལམ་སྲོལ། དགོན་སྡེར་འབྲེལ་གཏུག་བྱེད་པའི་ལམ་སྲོལ་བཅས་བཙུགས་ནས་མི་རིགས་མཐུན་སྒྲིལ་ལས་དོན་གྱི་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད། ཆ་སྒྲིག་མཉམ་འཛུགས་དང་དུད་སྦྲེལ་གྲྭ་སྦྲེལ། སེམས་མཐུན་ཕྱོགས་མཐུན་སོགས་ཀྱི་བྱེད་སྒོ་སྤེལ་བར་བརྒྱུད། རྫོང་ཡོངས་ཀྱི་གཞུང་ཞབས་པ12900ལྷག་དང་ཞིང་འབྲོག་དུད་ཚང12900ལྷག་ཆ་སྒྲིག་མཉམ་འཛུགས་བྱས་ཡོད། ཁུལ་དང་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ38ཀྱིས་དགོན་སྡེ42དང་འབྲེལ་གཏུག་བྱས་པ་དང་། གཞུང་ཞབས་པ2800ལྷག་གིས་དགོན་སྡེའི་གྲྭ་བཙུན3000ལྷག་དང་ཆ་སྒྲིག་མཉམ་འཛུགས་བྱས་ནས། བཅའ་ཁྲིམས་ཁྲིམས་སྲོལ་དང་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱས། བྱེད་ཐབས་སྣ་མང་དང་ནང་དོན་གསོན་ཉམས་དོད་པ། འཚོ་བ་དང་ཉེ་བཅར་བཅས་དྲིལ་བསྒྲགས་བྱས་པར་བརྒྱུད། ཏང་གི་མི་རིགས་རིགས་གཞུང་དང་མི་རིགས་སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་ཤེས་བྱ་སོགས་མི་སེམས་ལ་ཟུག་པ་བྱས་ནས་མི་རིགས་མཐུན་སྒྲིལ་ཡོང་བར་ཤུགས་བརྒྱབ་པ་རེད།

    ཆབས་ཅིག་ཏུ་རྫོང་དེས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་དྲིལ་བསྒྲགས་བྱེད་པའི་ཟླ་བ་དང་གཟའ་འཁོར། ཉིན་མོ་བཅས་ཀྱི་བྱེད་སྒོ་ཆེ་གྲས་སྤེལ་ནས་མི་རིགས་འཆམ་མཐུན་གྱི་འབྲེལ་བ་འཛུགས་པ་དང་མཐུན་སྒྲིལ་ཡར་ཐོན་གྱི་མིག་དཔེ་མཉམ་གཏོད། ང་དང་མེས་རྒྱལ་མཉམ་དུ་བསྐྱོད། ལག་གདང་སྦྲེལ། བློ་སེམས་མཐུན། མི་རིགས་མཐུན་སྒྲིལ་བྱེད་ཅེས་པའི་གཙོ་དོན་ཤེས་བྱའི་འགྲན་བསྡུར་དང་གྲོང་བསྐོར་རྒྱུག་འགྲན། མི་རིགས་མཛའ་མཐུན་འབྲེལ་གཏུག་བཅས་ཀྱི་བྱེད་སྒོ་སྤེལ་བ་དང་དེ་བཞིན་ལས་བྱེད་མང་ཚོགས་ཀྱི་ཞུགས་ཚད་སྔར་བས་ཆེ་རུ་བཏང་ནས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་དུས་རབས་ཀྱི་གླུ་གཞས་བཏང་བས་གསར་གཏོད་བྱེད་སྒོ་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་སུ་ཟུག་པར་བྱས་ཡོད།

    དཀར་མཛེས་ས་གཞི་ཆེན་པོར་མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་ཡོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    རྒྱ་ཆེ་ངོས་སྙོམས་པའི་གྲོང་བགྲོད་གཞུང་ལམ་གྱིས་ཚང་མའི་ཐུན་མོང་གི་ཕུགས་འདུན་གྲུབ་ཡོད་ལ་གསར་དུ་བསྐྲུན་པའི་བྱེད་སྒོའི་ཐང་ཆེན་སྟེང་མི་རིགས་ཁག་གི་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱེད་པའི་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས་ཡོད།

    དཀར་མཛེས་རྫོང་གིས་དམངས་འཚོ་འགན་ལེན་དང་དམངས་འཚོ་ལེགས་བཅོས་ཀྱི་ལས་དོན་དེ་མི་རིགས་མཐུན་སྒྲིལ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་ནས་དམངས་ཕན་ལས་གྲྭར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་བྱེད་སྒོ་དང་གནད་སྨིན་དབུལ་ཐར་ཡོང་བ་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དམངས་འཚོ་ལེགས་སུ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དམངས་ཕན་ཁེ་ཕན་མཉམ་སྤྱོད་ཐུབ་པ་དང་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད། 2014ལོ་ནས་བཟུང་། ར་རྔ་ཁ་ནས་དཀར་མཛེས། སེར་ཤུལ་བར་གྱི་གློག་དྲྭའི་དྲྭ་སྦྲེལ་ལས་གྲྭ་དང་སྟོང་ཧྥུ220ཅན་གྱི་ཆུ་གློག་ས་ཚུགས་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད། ཟླ་ཐང་མ་ཡུལ་ཤོག་སོགས་གློག་མེད་ས་ཁུལ་དུ་གློག་ཤུགས་མཁའ་ལམ་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་རྒྱལ་སྲུང་གཞུང་ལམ317སྒྱུར་བཀོད་ལེགས་གྲུབ་བྱུང་ཡོད། དབུལ་ཐར་འགག་སྒྲོལ་གྱི་དོན་ཆེན་ཨང་དང་པོར་དམིགས་པ་དང་དབུལ་སྐྱོར་གསར་སྤེལ་ལས་དོན་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གྲོང་སྡེ་དབུལ་ཕོངས98དབུལ་ཕོངས་ལས་ཕྱིར་འཐེན་བྱས་པ་དང་དུད་ཚང1837དང་དབུལ་ཕོངས་མི་འབོར8470དབུལ་ཐར་བྱུང་ཡོད།

    2030སྐྱོན་བྲལ་ལྡན་པའི་དཀར་མཛེས་ཞེས་པའི་བྱ་སྤྱོད་འཆར་གཞི་ཁྱོན་ཡོངས་སུ་ལག་བསྟར་བྱས་ནས་རིམ་དབྱེའི་ནད་བརྟག་སྨན་བཅོས་དང་སྨན་རྫས་མཁོ་སྤྲོད་འགན་ལེན་ལམ་ལུགས་སྔར་བས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་འགོས་ནད་ཚབས་ཆེན་ཕྱོགས་བསྡུས་འགོག་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི་ཚང་མ་ཚད་དུ་ལོན་པ་རེད། ཡུལ་ཤོག་འཕྲོད་བསྟེན་ཁང22ཚད་ལྡན་ཅན་འཛུགས་སྐྲུན་ལེགས་གྲུབ་ཡོང་བ་དང་། ཁམས་བྱང་ཁུལ་གྱི་ཐུམ་འབུའི་ནད་ཀྱི་སྨན་བཅོས་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། རེས་སྐོར་གསུམ་པའི་དཀར་མཛེས་སྐུལ་འདེད་གཏོང་བའི་འཛུགས་སྐྲུན་ལས་གཞི་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཡག་པོ་བཞིའི་གྲོང་སྡེའི་ལམ་བུའི་ཞིང་ཆེན་རིམ་པའི་དཔེ་སྟོན་རྫོང་དང་པོ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ། གྲོང་སྡེའི་གཞུང་ལམ་དོ་དམ་ཡག་པོ་དང་། གསོ་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱས་པ། ཁྲེང་ཏུའུ་ནས་དཀར་མཛེས་རྫོང་བར་དེ་སྔའི་ཆུ་ཚོད12ནས་ཆུ་ཚོད1བར་ཐུང་དུ་ཕྱིན་ནས་ཁམས་བྱང་ཁམས་པའི་རིག་གནས་ཀྱི་བར་ཁྱམས་བཏོད་དེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་གསར་བརྗེའི་རིག་གནས་དང་གེ་སར་རིག་གནས་ལ་བརྟེན་ནས་མང་ཚོགས་དེ་བས་མང་བ་དབུལ་ཐར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར6.3བཏང་ནས་དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་རྫོང་དང་གྲོང་སྡེ་བརྒྱའི་ཐོན་ལས་རྟེན་གཞི་བཙུགས་ནས་ཡུལ་སྐོར་བར་སྣེ་ལེན་ཞུས་ནས་ལོ་ངོ་སྟོང་གི་གེ་སར་རིག་གནས་རྒྱུན་འཛིན་བྱས་ཏེ་གྲོང་སྡེ་དབུལ་ཕོངས128དབུལ་ཐར་ཐུབ་རྒྱུའི་རེ་བ་བཅངས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་ཁྲིམས་ཁང་གིས་མི་རིགས་མཐུན་སྒྲིལ་ལས་ཀ་དེ་གྱོད་དོན་ཐོ་འགོད་དང་། ཞིབ་གཅོད། ལག་བསྟར་བཅས་ཕྱོགས་ཁག་ལ་ཁེབས་ཐུབ་པར་བྱས།
  • ལེ་ཚན་རྗེས་མ།:དྲ་བས་ཁེབས་རྒྱ་ཆེ་རུ་བཏང་ནས་དབུལ་ཐར་འགག་སྒྲོལ་ལ་ཤུགས་སྣོན་རོགས་བྱེད།
  • དོ་སྣང་ཆེ་བའི་རྩོམ།