ཞའོ་ཡིའུ་ཚའེ་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་འདི་ལྟར་གསུངས།

        2019-10-29

ཞའོ་ཡིའུ་ཚའེ་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་འདི་ལྟར་གསུངས།

  སྤྱི་ཟླ10པའི་ཚེས21ཉིན་གྱི་ཕྱི་དྲོར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གཙོ་སྐྱོང་གནང་སྟེ་ཆེད་དོན་གྲོས་ཚོགས་འཚོགས་པ་རེད། གྲོས་ཚོགས་ཐོག་ཁུལ་ཡོངས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་ལས་ཀར་རྒྱལ་ཁབ་ཀྱི་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་ཡོང་བར་དང་ལེན་བྱེད་པའི་འབྲེལ་ཡོད་ལས་ཀར་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་ཞིབ་ཕྲ་བཟོས་པ། ཡང་བསྐྱར་དོན་ཐོག་འཁྱོལ་བ་བཅས་བྱས་པ་རེད།  ཁོང་གིས་ནན་གསུང་གནང་དོན། རྒྱལ་ཁབ་ཀྱི་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་དང་ལེན་ཞུ་བའི་ལས་ཀ་དེ་རྒྱལ་ཕམ་ཐག་གཅོད་ཀྱི་མཐའ་མའི་གདོང་མཆོང་དུས་སུ་བསླེབས་པར་བརྟེན། དུས་ཚོད་ཐུང་ལ་ལས་འགན་ལྗིད་པོ་ཡིན་པས། ས་གནས་ཁག་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་གནས་ཐིག་ཇེ་དྲག་གཏོང་ཞིང་། ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་དང་མཁོ་གནད་ཆེ་བའི་བསམ་པ་བཅས་འཛིན་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་རྒྱལ་ཁབ་ཀྱི་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་ལ་དང་ལེན་ཞུ་བའི་ལས་ཀ་ཡག་མོ་ཏན་ཏིག་སྒྲུབ་པ། རྒྱལ་ཁ་ཕུ་ཐག་ཆོད་པོའི་ཆོད་སེམས་བརྟན་པོ་དང་གྲ་སྒྲིག་གང་ལེགས། སྦྱངས་འབྲས་ལེགས་པོ་བཅས་ཀྱི་ཐོག་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་གསེར་བྲིས་སྒོ་བྱང་དེ་རག་གང་ཐུབ་བྱས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཡི་རང་བའི་རྒྱུགས་ཤོག་ཤིག་སྤྲད་དགོས།

   ཁུལ་ཨུའི་རྒྱུན་ཨུ། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲུའུ་ཏ་ཁྲུན་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲེན་ཚོགས་འདུའི་ནང་ཞུགས་ཡོད།

  ཁུལ་ཡོངས་ཀྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྱོང་ལས་ཀ་སྤེལ་ཚུལ་དང་རྒྱལ་ཁབ་ཀྱི་དཔྱད་ཞིབ་རྩིས་ལེན་ལ་དང་ལེན་ཞུ་བའི་གྲ་སྒྲིག་གནས་ཚུལ། ཆེད་དམིགས་བྱེད་སྒོའི་ལས་དོན་ཚོ་ཆུང་ཁག་གི་གྲ་སྒྲིག་གནས་ཚུལ་བཅས་ཀྱི་སྙན་སེང་ལ་གསན་རྗེས། ཞའོ་ཡིའུ་ཚའེ་ཡིས་ནན་གསུང་གནང་དོན། རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་ནང་དོན་དངོས་གནས་ཡིན་ལ་ལས་ཀ་ཞིབ་ཅིང་བླང་བྱ་ནན་པོ་ཡིན་པར་བརྟེན། ཁུལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་ངེས་པར་དུ་འཛུགས་སྐྱོང་ལས་ཀ་ལ་ཧ་ཅང་མཐོང་ཆེན་བྱེད་ཅིང་། རྒྱལ་ཁ་མཐའ་གཅིག་ཏུ་བླངས་པའི་ཆོད་སེམས་ཐོག་ནས་མཐའ་མའི་ལས་ཀ་ཞིབ་ཅིང་ལེགས་པོ་བསྒྲུབས་ནས་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྱོང་ལས་ཀ་བདེ་བླག་ངང་ཚད་ལེན་ཚོད་ལྟ་དང་ཞིབ་བཤེར་རྩིས་ལེན་ཐུབ་པར་ཁག་ཐེག་བྱ་དགོས། ས་གནས་ཁག་གིས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ཤུགས་ཆེན་པོས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པར་ཁོར་ཡུག་ཡག་མོ་ཞིག་བསྐྲུན་ནས་རང་ཁུལ་གྱི་ཉེ་ལོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་ལས་ཀའི་ཐད་ཀྱི་གྲུབ་འབྲས་ཇི་མ་ཇི་བཞིན་གོང་ཞུ་བྱ་དགོས། རིམ་པ་ཁག་དང་སྡེ་ཁག་སོ་སོའི་ཏང་སྲིད་འགོ་ཁྲིད་གཙོ་བོས་འགན་འཁྲི་འཁུར་ཕོད་པ་དང་མ་སྐུལ་དང་བླངས་ཀྱིས་ལས་ཀ་སྒྲུབ་པ་བཅས་བྱས་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་ཀ་འཛིན་ཞིང་བྱ་སྤྱོད་དངོས་སུ་དོན་འཁྱོལ་བྱ་དགོས། ཁུལ་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྱོང་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་མ་སྐུལ་དང་བླངས་ཀྱིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ནས་གོང་འོག་དང་ཕྱོགས་ཁག་འབྲེལ་མཐུན་བྱས་ནས་ཕྱོགས་གང་ཅིའི་ཐད་དང་རིམ་པ་ཁག་གི་འཛུགས་སྐྱོང་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་བསྣན་ཏེ་བཀོད་སྒྲིག་ཁག་དོན་ཐོག་ཞིབ་ཅིང་ནན་པོ་འཁྱོལ་བ་བྱ་དགོས།  རྒྱལ་ཁབ་ཀྱི་ཞིབ་བཤེར་ལ་དང་ལེན་ཞུ་མཁན་འབྲེལ་ཡོད་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་སྙན་ཞུ་རྒྱུ་ཆ་དང་དྲིལ་བསྒྲགས་དཔྱད་གཞི་གྲ་སྒྲིག་ཡག་མོ་བྱ་དགོས། གཞན་ཡང་རིམ་པ་རེ་རེར་བཞིན་ཞིབ་དཔྱད་བྱེད་པ་དང་སྒྲོག་འགྲེལ་པར་གསོ་སྦྱོང་བྱ་རྒྱུ་ཤུགས་བརྒྱག་དགོས།།

ལྷ་འཛོམས་ཀྱིས་བསྒྱུར།

  • ལེ་ཚན་སྔོན་མ།:དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་ཏང་གི་བྱེད་སྒོ་འདི་ལྟར་སྤེལ།
  • ལེ་ཚན་རྗེས་མ།:ཤར་རྒྱལ་མོ་རོང་གི་གྲོང་གསེབ་ཀྱི་ཡུལ་སྲོལ་དུས་སྟོན་འདི་ལྟར་སྤེལ།
  • དོ་སྣང་ཆེ་བའི་རྩོམ།