ལིའུ་ཁྲེང་མིང་གིས་ཁ་སྣོན་སློབ་གསོའི་སྐོར་ལ་འདི་འདྲ་གསུངས།

ལྷ་འཛོམས་ཀྱིས་བསྒྱུར།        2019-10-15

ལིའུ་ཁྲེང་མིང་གིས་ཁ་སྣོན་སློབ་གསོའི་སྐོར་ལ་འདི་འདྲ་གསུངས།

     སྤྱི་ཟླ10པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོའི་བརྟག་ཞིབ་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཆེད་དོན་དུ་རྟའུ་རྫོང་གི་ཁ་སྣོན་སློབ་གསོའི་གཅིག་སྡུད་སློབ་ཁྲིད་རྟེན་གཞི་ལ་ཕེབས་ནས་ཡུལ་དངོས་སུ་ཁ་སྣོན་སློབ་གསོའི་ལག་རྩལ་གསོ་སྦྱོང་འཛིན་གྲྭའི་སློབ་མའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་ཆ་རྒྱུས་བླངས་པས་མ་ཚད། ད་དུང་འབྲེལ་ཡོད་གནས་ཚུལ་སྐོར་ལ་བླང་བྱ་བཏོན་པ་རེད། 

     ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན།ཁ་སྣོན་སློབ་གསོའི་ལག་རྩལ་གསོ་སྦྱོང་ལས་ཀ་སྔ་ལས་ལྷག་པར་ཡག་མོ་བསྒྲུབ་དགོས་པ་དེ་བཤོལ་འགོག་སློབ་སྐྱོང་གི་གྲུབ་འབྲས་བརྟན་སྲུང་ཐུབ་པ་དང་འབྲེལ་བ་ཡོད་ལ། སྤུས་ཚད་མཐོན་པོས་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་སྤུས་ལེགས་སྒྲུབ་པ་བྱ་རྒྱུ་དང་འབྲེལ་བ་ཡོད། ལོ་ཆུང་དང་ན་གཞོན་སྐྱོན་བྲལ་ངང་འཚང་ལོངས་ཡོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་གོང་འཕེལ་ཡོང་བ་དང་འབྲེལ་བ་ཡོད། དཀར་མཛེས་བོད་ཁུལ་གྱི་ཡུན་རིང་བདེ་འགོད་ཡོང་བ་དང་འབྲེལ་བའང་ཡོད།རིམ་པ་ཁག་དང་སྡེ་ཁག་སོ་སོས་ལག་རྩལ་གཅིག་ཤེས་ན་མི་གཅིག་ལས་ལ་ཞུགས་ཐུབ་པ་དང་དུད་ཚང་གཅིག་དབུལ་ཕོངས་ལས་ཐར་ན་ཡུལ་ཤོག་གཅིག་བརྟན་བརླིང་ཡོང་བའི་དམིགས་འབེན་བླང་བྱ་ལྟར་ནུས་ཤུགས་ཡོད་རྒུས་སློབ་གསོ་གསོ་སྦྱོང་ལས་ཀ་ཡག་མོ་བསྒྲུབས་ནས་ལས་ཞུགས་ཐུབ་པར་ཁག་ཐེག་བྱ་དགོས།

     ལིའུ་ཁྲེང་མིང་སྔ་ཕྱིར་འཚེམ་བཟོ་དང་ཚོན་རིས། ཟས་བཟོ་བཅས་ཀྱི་ལག་རྩལ་གསོ་སྦྱོང་འཛིན་གྲྭར་ཕྱིན་ནས་ཡུལ་དངོས་སུ་སློབ་མས་སློབ་སྦྱོང་བྱེད་ཚུལ་ལ་ལྟ་བ་དང་། ད་དུང་དགེ་སློབ་ཚོ་དང་མཉམ་དུ་བཞུགས་མོལ་གནང་སྟེ་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་བྱས་ཚུལ་ཆ་རྒྱུས་བླངས་པ་རེད། ཁོང་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་གནང་བ་དང་གནས་ཚུལ་སྙན་སེང་ལ་གསན་འཇོག་གནང་རྗེས་ཁ་སྣོན་སློབ་གསོའི་ལག་རྩལ་གསོ་སྦྱོང་ལས་ཀ་ཡག་མོ་བསྒྲུབ་རྒྱུའི་གནད་འགག་རྩ་ནི་སློབ་མ་ཚོར་ལག་རྩལ་ཤེས་པ་དང་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་བྱས་ནས་ལག་རྩལ་གཅིག་ཤེས་ན་མི་གཅིག་ལས་ལ་ཞུགས་ཐུབ་པ་དང་དུད་ཚང་གཅིག་དབུལ་ཕོངས་ལས་ཐར་ན་ཡུལ་ཤོག་གཅིག་བརྟན་བརླིང་ཡོང་བའི་དམིགས་འབེན་བླང་བྱ་དངོས་སུ་གྲུབ་པ་དེ་རེད།  ཁོང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་ཐབས་མང་མཉམ་སྤྱོད་བྱེད་པ། འབྲེལ་ཡོད་ལས་ཀ་ཁག་ཡག་མོ་སྒྲུབ་པ། སློབ་ལོ་ལོན་པའི་གཞོན་ནུ་ལོ་ཆུང་ལ་སློབ་གསོ་མྱོང་བའི་ཁེ་དབང་ལོངས་སུ་སྤྱད་རྒྱུ་ཡོད་པའི་འགན་ལེན་བྱེད་པ། ཚན་རིག་དང་མཐུན་པའི་སློབ་ཁྲིད་བཟོ་འགོད་བྱས་ནས་སློབ་མ་ཚོར་ལག་རྩལ་དང་ཤེས་བྱ། ཆབ་སྲིད། བཅའ་ཁྲིམས་སོགས་སྦྱོང་དུ་བཅུག་པ། རྒྱ་སྐད་སྤྱི་སྐད་སྦྱོང་བ་དང་ཁྱབ་གདལ་གཏང་རྒྱུར་ཤུགས་བསྣན་ཏེ་སློབ་མ་སློབ་ཐོན་རྗེས་སུ་ལས་ཞུགས་གནད་དོན་སྔོན་དུ་བསམ་བློ་གཏོང་བ། ཕྱོགས་ཁག་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།།

  • ལེ་ཚན་སྔོན་མ།:2019ལོའི་ཁྲོན་བོད་ས་མཐོའི་རྐང་འཁོར་འགྲན་བསྡུར་སྤེལ་འགོ་ཚུགས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྐྲུན་པའི་ཁྲོད་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས་པའི་ཐུགས་རེ་གནང་།
  • དོ་སྣང་ཆེ་བའི་རྩོམ།