2019ལོའི་ཁྲོན་བོད་ས་མཐོའི་རྐང་འཁོར་འགྲན་བསྡུར་སྤེལ་འགོ་ཚུགས།

བདེ་སྐྱིད་ཀྱིས་བསྒྱུར།        2019-10-14

2019ལོའི་ཁྲོན་བོད་ས་མཐོའི་རྐང་འཁོར་འགྲན་བསྡུར་སྤེལ་འགོ་ཚུགས།

    སྤྱི་ཟླ10པའི་ཚེས9ཉིན་གྱི་སྔ་དྲོའི་ཆུ་ཚོད8པར་དུས་ཡུན་ཉིན་གཉིས་ཀྱི་ལག་རྩལ་ཚོགས་འདུ་དང་ས་བབ་མཐོ་བའི་འཕྲོད་མཐུན་རང་བཞིན་གྱི་སྦྱོང་བརྡར་བྱས་རྗེས། 2019ལོར་ཁྲོན་བོད་ས་བབ་མཐོ་བའི་ཚད་བརྒལ་རྐང་འཁོར་འགྲན་བསྡུར་དར་མདོར་དངོས་སུ་འགོ་ཚུགས་པ་རེད།

    ད་ལོར་རྐང་འཁོར་འགྲན་བསྡུར་ནང་ཞུགས་མཁན་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་མི་ཁྱོན་བསྡོམས44ཡོད་པ་དང་དེའི་ནང་རྐང་འཁོར་རུ་ཁག11དང་མི་སྒེར་གྱི་རྐང་འཁོར་གཏོང་མཁན12ཡོད་པ་རེད།

    འགྲན་བསྡུར་གྱི་བརྒྱུད་རིམ་ལ་གཞིགས་ན། 2019ལོའི་རྐང་འཁོར་འགྲན་བསྡུར་གྱི་དུས་ཡུན་ཉིན9ཡོད་ལ། རྐང་འཁོར་འགྲན་བསྡུར་པ་རྣམས་དར་མདོའི་མཛའ་གཞས་ཐང་ཆེན་ནས་བསྐྱོད་འགོ་བཙུགས་ཏེ་ཟླ་བ10པའི་ཚེས17ཉིན་ལྷ་སར་བསླེབ་རྒྱུ་དང་། འགྲན་བསྡུར་ལེགས་གྲུབ་ཟིན་རྗེས་ལྷ་སར་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་རྒྱུ་ཡིན་པ་རེད། སྐབས་དེ་དུས་འགྲན་བསྡུར་ལ་ཞུགས་མཁན་རྐང་འཁོར་རུ་ཁག་དང་མི་སྒེར་ལ་བྱ་དགའ་སྤྲད་རྒྱུ་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:སྒྲུབ་འོས་ལས་དོན་མང་དུ་བསྒྲུབས། ཆེད་དོན་བཅོས་སྒྲིག་ཡག་པོ་བྱས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་ཁ་སྣོན་སློབ་གསོའི་སྐོར་ལ་འདི་འདྲ་གསུངས།
  • དོ་སྣང་ཆེ་བའི་རྩོམ།