རྒྱལ་སྟོན་དུས་ཆེན་གྱི་གུང་སེང་སྐབས་སུ་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར6000ལས་བརྒལ།

ཡེ་མིང་གིས་བསྒྱུར།        2019-10-14

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ10པའི་ཚེས7ཉིན་འབྱོར་བའི་གཏམ་གསར། ཚེས7ཉིན་གསར་འགོད་པས་རིག་གནས་པུའུ་དང་ཡུལ་སྐོར་པུའུ་ནས་འབྱོར་ཤེས་རྟོགས་བྱུང་དོན། རྒྱལ་སྟོན་དུས་ཆེན་གྱི་གུང་སེང་སྐབས་སུ། རྒྱལ་ཡོངས་ཀྱིས་རྒྱལ་ཁབ་ནང་ཁུལ་གྱི་ཡུལ་སྐོར་འགྲུལ་པ་མིའི་ཐེངས་གྲངས་ཁྲི7.82ལ་སྣེ་ལེན་བྱས་ནས་ན་ལོའི་དུས་མཚུངས་ལས་བརྒྱ་ཆ7.81འཕར་བ་དང་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར6497.1མངོན་འགྱུར་བྱུང་ནས་ན་ལོའི་དུས་མཚུངས་ལས་བརྒྱ་ཆ8.47འཕར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྟོན་དུས་ཆེན་གྱི་གུང་སེང་རིང་མོའི་སྐབས་སུ་རིག་གནས་ཀྱིས་ཡུལ་སྐོར་གྱི་དཔལ་འབྱོར་ཕན་འབྲས་འཕར་སྣོན་བཏང་བར་སྐུལ་སྤེལ་བཏང་བའི་རྣམ་པ་མངོན་གསལ་དོད་པོ་ཡིན་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། གུང་སེང་སྐབས་སུ་ཡུལ་སྐོར་འགྲུལ་པ་བརྒྱ་ཆ66.4རིག་གནས་ཀྱི་ཡུལ་སྐོར་མཛེས་ལྗོངས་སུ་ལྟ་སྐོར་བྱེད་དུ་ཕྱིན་པ་དང་ཡུལ་སྐོར་འགྲུལ་པ་བརྒྱ་ཆ59.45ལོ་རྒྱུས་རིག་གནས་ཀྱི་ཁྲོམ་ལམ་སོགས་སུ་ལྟ་སྐོར་བྱེད་དུ་འགྲོ་བ། ཡུལ་སྐོར་འགྲུལ་པ་བརྒྱ་ཆ86.35གོང་སྨོས་ཀྱི་རིག་གནས་བྱེད་སྒོ་གཉིས་ཀྱི་ནང་ཞུགས་ཡོད་པ་རེད། དེ་དང་ཆབས་ཅིག རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་བསྡོམས་རྩིས་བྱས་པར་གཞིགས་ན། ཡུལ་སྐོར་འགྲུལ་པ་བརྒྱ་ཆ78.84རིགས་སྣ་ཚོགས་ཀྱི་རྒྱལ་སྟོན་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:《ཆིང་རྒྱལ་རབས་ཀྱིས་བཀས་བཅད་པའི་བཀའ་འགྱུར་ཆེན་མོ》ཀན་སུའུ་ཞིང་ཆེན་བཤམས་སྟོན་ཁང་དུ་ཉར་ཚགས་བྱས།
  • ལེ་ཚན་རྗེས་མ།:ནེ་པ་ལ་ཡིས་ཁྲེན་ཏུའུ་རུ་གཞུང་ཚབ་སྤྱི་ཁྱབ་དོན་གཅོད་ཁང་འཛུགས་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།